ང་ཚོས་གདོད་མའི་གསོ་དཔྱད་རིག་པའི་འཕེལ་རིམ་ཞེས་གླེང་དུས་ངེས་པར་དུ་བསྐལ་པ་ཡ་ཐོག་གི་འགྲོ་བ་མིའི་རིགས་ཅི་ལྟར་བྱུང་བ་ནས་བཟུང་བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོ་ལ་ཐུག་པའི་བར་གྱི་སྤྱི་ཚོགས་ཀྱི་གནས་བབས་དང་ཤེས་རིག་གི་འཕེལ་རིམ་བཅས་ལ་དབྱེ་ཞིབ་དང་རྒྱུས་ལོན་ཟབ་མོ་ཞིག་བྱེད་ད

རྩོམ་པ་པོ།   ལྷ་མོ་ཚེ་སྐྱིད།   ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   

        


          ཟླ7པའི་ཚེས6ནས་ཚེས8བར། 2012ལོའི་བོད་སོག་གསོ་རིག་ཆེད་ལས་ཀྱི་སྨན་པའི་ཐོབ་ཐང་ལག་ལེན་གྱི་ལག་རྩལ་རྒྱུགས་ལེན་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྤེལ།
          ད་ལོར་བསྡོམས་པས་རྒྱུགས་ལེན་མཁན 862 ཡོད་ཅིང་།  དེ་ལས་བོད་ཀྱི་གསོ་རིག་ལས་རིགས་སྨན་པ 141 དང་། བོད་ཀྱི་གསོ་རིག་ལས་རིགས་རམ་འདེགས་སྨན་པ 702  སོག་པོའི་གསོ་རིག་ལས་རིགས་སྨན་པ 8 །  སོག་པོའི་གསོ་རིག་ལས་རིགས་རམ་འདེགས་སྨན་པ 11 བཅས་འདུས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་ཁྲིད་པས་མཐོང་ཆེན་ཆེན་པོ་བྱེད་པ་ཀྱི་ཡོད་དེ། ཆེད་དུ་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་རྒྱུགས་ལེན་མི་སྣ་རྩ་འཛུགས་དང་། ཞིབ་ཕྲའི་གྲ་སྒྲིག་དང་ཡང་དག་པའི་བཀོད་སྒྲིག་གནང་།  མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད་ཡུལ་དངོས་སུ་སླེབས་ཏེ་བྱ་བར་སྣེ་ཁྲིད་པ་རེད།