ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཕྱོགས་བསྡུས་སློབ་སྦྱོང་བྱས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-09   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ 3 པའི་ཚེས 24 ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཕྱོགས་བསྡུས་སློབ་སྦྱོང་བྱེད་སྒོ་སྤེལ་བ། གྲོས་ཚོགས་ཀྱིས་གཏིང་ཟབ་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཏན་ཏིག་གིས་ན་ནིང་ཁུལ་ཡོངས་ཀྱི་ལས་ཀ་ཕྱོགས་བསྡོམས་བྱས་པ། ཕྱོགས་བསྡུས་ཀྱིས་བརྗེ་རེས་བྱས་པར་བརྒྱུད་དེ། མིག་སྔའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་།བསམ་བློ་གཅིག་བསྡུས་དང་སྟོབས་ཤུགས་གཅིག་འགྲིལ་བྱས་ནས། ད་ལོའི་ལས་ཀ་ཡག་པོ་བྱེད་པར་བསམ་འཆར་བཏོན་པ།
       ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། སློབ་སྦྱོང་བྱེད་སྒོའི་ཐོག   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་གཙོ་ཧོང་ཀྲེང་ཧུང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་གཙོ་ཀྲང་ཀྲི་ཅུན་གྱིས་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚབ་བྱས་ནས་2012ལོ་འཁོར་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་2013ལོའི་ལས་ཀ་ལ་བསམ་འཆར་འདོན་པ་རེད།
       ཧོང་ཀྲེང་ཧུང་དང་། དབྱང་མིང་ཧྲུང་། མ་ཝུན་ལུང་། ལི་ཚན་ཀོང་། ཏུང་ཡུང་ཁྲུན།ལུའུ་ཡུང་མིང་། ཀྲང་ཀྲི་ཅུན། ཡུས་ཧྲེང་ཞང་། ནོར་བུ་གཡང་འཛོམ། ལིའུ་ཅ་ཞུན། ཆི་ཅན་ཞིན། ནོར་བུ་ཚེ་རིང་བཅས་འགོ་ཁྲིད་ཀྱིས་མིག་སྔའི་ཁུལ་གྱི་གནས་ཚུལ་དང་ལས་ཀའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། ན་ནིང་གང་འདྲ་ཡིན་པ་དང་། ད་ལོ་གང་འདྲ་བྱེད་དགོས་པ། མ་འོངས་པ་གང་འདྲས་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱུང་བར་སྐུལ་སྤེལ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་སྐད་ཆ་བཤད་པ་རེད།
       ཕྱོགས་བསྡུས་སློབ་སྦྱོང་དུ་ཞུགས་མཁན་ལ་ཁུལ་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོ་ཆུང་གི་ཁུངས་མི་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཚོ་ཆུང་གི་ཁུངས་མི། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཆེ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བ། རྫོང་སོ་སོ་དང་གསར་སྤེལ་ཆུས་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་། གསར་འགྱུར་ལས་ཁུངས་འགའི་འགན་ཁུར་མི་སྣ་བཅས་ཡོད་པ་རེད།