ཁུལ་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་དཔྱད་གླེང་ཐག་གཅོད་གྲོས་གཞི་66འབྱོར་བ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར་ཞིང་ཞུས།  ཡིག་བསྒྱུར།       དུས་ཚོད།   2013-04-09   རྩོམ་ཁུངས།   

སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པའི་ཚུན་ལ།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཚོགས་ཞུགས་ལས་ཁུངས་སོ་སོ།  སྲིད་གྲོས་ཆེད་བཙུགས་ཨུ་ལྷན་སོ་སོས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་ཁོང་དུ་ཆུད་པར་བྱས་ཏེ།  ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དོན་འཁྱོལ་གནང་ནས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་ཀ་དང་མི་དམངས་མང་ཚོགས་ཀྱིས་སྤྱིར་བཏང་དུ་སེམས་ཁུར་བྱེད་པའི་གནད་དོན་དང་འབྲེལ་ནས།  ཧུར་ཐག་གིས་ཕན་ནུས་ལྡན་པའི་བསམ་འཆར་ལ་ཉན་ཏེ་ཇུས་གཞི་བཀོད་པ་རེད།   གྲོས་ཚོགས་ཀྱི་སྐབས་སུ་ཁྱོན་བསྡོམས་དཔྱད་གླེང་ཐག་གཅོད་གྲོས་གཞི66འབྱོར་བ་དང་།  ཞིབ་བཤེར་བྱས་པར་བརྒྱུད་ནས་གྲོས་གཞི64ཐོ་འགོད་དུ་བཅུག་པ་རེད།  རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་དཔྱད་གླེང་ཐག་གཅོད་གྲོས་གཞིའི་ནང་དོན་རྒྱ་ཆེ་ལ།  གཙོ་བོ་རང་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་།   མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་འབུར་ཐོན་ཅན་བཅས་དང་འབྲེལ་བ་ཡོད།  རིགས་དགར་ནས་དབྱེ་ན།  ཆབ་སྲིད་འཛུགས་སྐྲུན་ཕྱོགས་ལ་གྲོས་གཞི6ཡོད་པ་དེ། གྲོས་གཞིའི་སྤྱིའི་གྲངས་ཀའི9.4%ཟིན་ཡོད།  དཔལ་འབྱོར་ཕྱོགས་ལ་གྲོས་གཞི16ཡོད་པ་དེ།   གྲོས་གཞིའི་སྤྱིའི་གྲངས་ཀའི25%ཟིན་ཡོད།  རིག་གནས་འཛུགས་སྐྲུན་ཕྱོགས་ལ་གྲོས་གཞི7ཡོད་པ་དེ།  གྲོས་གཞིའི་སྤྱིའི་གྲངས་ཀའི10.9%ཟིན་ཡོད།    སྤྱི་ཚོགས་འཛུགས་སྐྲུན་ཕྱོགས་ལ་གྲོས་གཞི28ཡོད་པ་དེ།  གྲོས་གཞིའི་སྤྱིའི་གྲངས་ཀའི43.8%ཟིན་ཡོད།   སྐྱེ་ཁམས་འཛུགས་སྐྲུན་ཕྱོགས་ལ་གྲོས་གཞི7ཡོད་པ་དེ།གྲོས་གཞིའི་སྤྱིའི་གྲངས་ཀའི10.9%ཟིན་ཡོད།  དེའི་ཁྲོད་དུ་ཨུ་ཡོན་གྱིས་སྤྲད་པའི་གྲོས་གཞི54ཡོད་པ་དང་།   ཚོགས་པས་སྤྲད་པའི་གྲོས་གཞི10ཡོད།   གྲོས་གཞི2ཐོ་འགོད་བྱས་མེད་པ་དང་།  མི་འགྱངས་བར་གཞན་ནས་ཐག་གཅོད་རྒྱུ་རེད།  
  ཚོགས་ཆེན་མཇུག་གྲིལ་རྗེས།  དཔྱད་གླེང་ཐག་གཅོད་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་ཐོ་འགོད་བྱས་ཚར་བའི་གྲོས་གཞི་དེ་རིམ་བཞིན་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་བདག་གཉེར་བྱེད་རྒྱུ་རེད།  ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་བསྡུ་བའི་དུས་ཡུན་རྗེས་སུ་འབྱོར་བའི་གྲོས་གཞི་དེ།   དཔྱད་གླེང་ཐག་གཅོད་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་འགན་ཁུར་བྱེད་རྒྱུ་དང་དུས་ཐོག་ཏུ་ཞིབ་བཤེར་ཐོ་འགོད་བྱས་ཏེ།   འབྲེལ་ཡོད་ལས་ཁུངས་ལ་སྤྲད་ནས་བདག་གཉེར་བྱེད་དུ་འཇུག་རྒྱུ་རེད།     (ཚེ་རིང་དོན་གྲུབ་ཀྱིས་བསྒྱུར་ཞིང་ཞུས།)