ཧུར་ཐག་གིས་ན་གཞོན་གྱི་ལས་ལམ་གསར་འབྱེད་དང་ལས་ཞུགས་ལ་ཞབས་འདེགས་ཞུས་པ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-09   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།གུང་གཞོན་ཚོགས་པ་སེམས་ཀྱི་ཉི་ཟླ་རྫོང་ཨུས་སྔར་ལས་ལྷག་པར་ལས་ལམ་གསར་འབྱེད་པར་རོགས་སྐྱོར་དང་ཞབས་ཞུ་སྒྲུབ་པར་ཤུགས་བསྣན་ཅིང་ལེགས་བཅོས་བྱས་ཏེ།  ཤུགས་ཆེན་པོས་ལས་ལམ་གསར་འབྱེད་ཀྱིས་ལས་ཞུགས་ལ་ཕན་འདོགས་པར་སྐུལ་འདེད་བཏང་ནས།  བརྟན་བརླིང་གིས “ལང་ཚོ་ཡུན་ནན་ལ་འཕྲོས་པའི་གྲུ་གཡོར་འགེལ་བའི་ལས་གྲྭ” ཡི་ལས་ལམ་གསར་འབྱེད་ལ་སྐུལ་མ་གཏོང་བའི “ཁྲལ་དོན་ཆག་ཡང་དང་མ་དངུལ་ཁ་གསབ་རོགས་སྐྱོར” གྱི་ལས་ཀ་དང་།  YBC རྣམ་གྲངས་སོགས་སྒྲུབ་པས།  ཕན་འབྲས་མངོན་གསལ་བླངས་ཡོད་པ་རེད།  
       སེམས་ཀྱི་ཉི་ཟླ་རྫོང་ཐོན་རྫོང་ཨུས་ཧུར་ཐག་གིས་ཐོན་ཞིང་ཨུ་དང་།  ཐོན་ཁུལ་ཨུའི་བླང་བྱ་ལག་ལེན་དོན་འཁྱོལ་བཏང་སྟེ།  རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག   ངོས་འཛིན་མཐོར་འདེགས་དང་།  ལངས་ཕྱོགས་བརྟན་པོ།  འཆར་འགོད་ཞིབ་མོ།  རྩ་འཛུགས་ཀྱི་འགོ་ཁྲིད་གནད་དུ་བཟུང་བ།  ལས་ཀའི་ཆ་རྐྱེན་དངོས་དང་བསྟུན་པ།   གནད་ཆེ་སར་བརྟག་དཔྱད་ཞིབ་འཇུག་བྱས་ནས།  ལས་ཀའི་ཇུས་འགོད་འཐུས་ཚང་དུ་བཏང་ཞིང་།  དྲིལ་བསྒྲགས་གསོ་སྦྱོང་བྱེད་པར་དམ་འཛིན་བྱས་ནས།  འདྲི་རྟོག་ཞབས་ཞུ་ཇེ་དྲག་ཏུ་བཏང་བ་རེད།  གནད་ཆེའི་གོ་རིམ་དམ་འཛིན་བྱས་ནས།  རིམ་པ་རེ་རེའི་རྣམ་གྲངས་གདམ་གསེས་བྱས་ཤིང་།   ལས་ཀའི་སྣེ་མཐུད་པར་དམ་འཛིན་བྱས་ཏེ།  སྐབས་ཐོག་ཏུ་དངུལ་བསྐྱི་རྒྱུ་ཕྱི་ལ་བཀྲམས་པ་རེད།  དམ་འཛིན་ལྔ་དང་ “མཐུན་སྦྱོར་གཅིག” བརྒྱུད་ནས།  འབྲེལ་ཡོད་ལས་ཁུངས་ལ་འབྲེལ་འདྲིས་དང་།  མཐུན་སྦྱོར།  སྣེ་མཐུད་པའི་ལས་ཀ་ལེགས་པར་སྒྲུབ་པ་རེད།  2007ལོ་ནས2012ལོའི་བར་དུ།   “ལང་ཚོ་ཡུན་ནན་ལ་འཕྲོས་པ།  གྲུ་གཡོར་འགེལ་བའི་ལས་གྲྭ”ཡི་ལས་ལམ་གསར་འབྱེད་ལ་སྐུལ་མ་གཏོང་བའི“ཁྲལ་དོན་ཆག་ཡང་དང་མ་དངུལ་ཁ་གསབ་རོགས་སྐྱོར” གྱིས་མི་སྟོང་ལྷག་གི་འདྲི་རྟོག་དང་ལེན་བྱས་ཟིན་པ་རེད།  2012 ལོར་ཁོ་ནར་ཁྱོན་བསྡོམས་འཆར་འགོད་ཡི་གེ 53 བཀྲམས་པ་དང་།  དེ་དང་ཆབས་ཅིག  ཐོན་ཁུལ་ཨུའི (YBC) རྣམ་གྲངས་གཞུང་ལས་ཁང་ལ་གཞོགས་འདེགས་བྱས་ཏེ།  རྫོང་ཡོངས་ཀྱི་ན་གཞོན 22 རྣམ་གྲངས་འདིའི་ནང་ཞུགས་པར་རོགས་རམ་གནང་ཞིང་།   རྫོང་ཡོངས་ཀྱི་ཕུགས་འདུན་ཡོད་པའི་ན་གཞོན་གྱི་ཕུགས་བསམ་མངོན་འགྱུར་བྱུང་བ་དང་།  ལས་ལམ་གསར་འབྱེད་དང་ལས་ཞུགས་བྱེད་པར་ཞབས་ཞུའི་སྟེགས་བུ་ཞིག་བསྐྲུན་པ་རེད། ད་དུང་ཐོན་ཁུལ་ཨུས་རྩ་འཛུགས་བྱས་ནས་སྤེལ་བའི་ཕུལ་བྱུང་ན་གཞོན་གྱི་ལས་ལམ་གསར་འབྱེད་བྱ་དགའི་བྱེད་སྒོའི་ཐོག་ལས་ལམ་གསར་འབྱེད་ཀྱི་ན་གཞོན 4 ལ “ཕུལ་བྱུང་ན་གཞོན་ལས་ལམ་གསར་འབྱེད་པའི” སྙན་གྲགས་ཐོབ་པས།  དེས་རྒྱ་ཆེའི་ལས་སྒུག་ན་གཞོན་གྱི་ལས་ལམ་གསར་འབྱེད་བྱེད་པའི་ལྷག་བསམ་ལ་སྐུལ་ལྕག་ངེས་ཅན་བཏང་ཡོད་པ་རེད།