ཞིང་ཆེན་གྱི་ཞིབ་བཤེར་ཚོ་ཆུང་རང་ཁུལ་དུ་ཕེབས་ནས་བུད་མེད་དང་བྱིས་པའི་ལས་ཀར་ཞིབ་བཤེར་གནང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-09   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཞིང་ཆེན་གྱི་ཞིབ་བཤེར་ཚོ་ཆུང་ཨང་ལྔ་པས་རང་ཁུལ་གྱི་བུད་མེད་དང་བྱིས་པའི་ལས་ཀར་ཕྱོགས་བསྡོམས་ཀྱི་ཞིབ་བཤེར་གནང་བ་རེད།
        ཞིབ་བཤེར་ཚོ་ཆུང་གིས་ཁུལ་དང་རྫོང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་གཞུང་ལས་ཁང་དང་།འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ལུང་ཀྲུའུ་ཆིན་ཡུལ་མི་ཚོ་ཆུང་།འབའ་སྡེ་ཤང་།བདེ་ཆེན་རྫོང་ཀོང་རྩེད་ར་གྲོང་རྡལ།ཐར་པ་གླིང་བཅས་སུ་ཟབ་ཞུགས་བྱས་ནས།ཉན་བ་དང་།ཞིབ་བཤེར་བྱས་པ།བལྟ་བ།འཚམས་འདྲི་ཞུ་བའི་བྱ་ཐབས་སྤྱད་དེ། 2012 ལོའི་རང་ཁུལ་གྱི་བུད་མེད་དང་བྱིས་པའི་ལས་ཀར་ཕྱོགས་ཡོངས་ནས་ཞིབ་བཤེར་གནང་བ།ཞིབ་བཤེར་བྱས་པར་བརྒྱུད་ནས། ཞིབ་བཤེར་ཚོ་ཆུང་གིས་རང་ཁུལ་གྱི་བུད་མེད་དང་བྱིས་པའི་ལས་ཀ་ལ་གདེང་འཇོག་ཡག་པོ་གནང་པ་རེད།ཁོ་ཚོའི་བསམ་དོན།བདེ་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་ “ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས” དོན་འཁྱོལ་བྱས་པ་དང་།ཐོག་མཐའ་བར་གསུམ་དུ་ “བྱིས་པ་སྔོན་ཐོབ” ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ།སྲིད་གཞུང་གི་འགན་ནུས་ལ་ཤུགས་བསྣན་པ།ནན་པོའི་ངང་སྲིད་གཞུང་གིས་ “འཆར་གཞི་གཉིས” ལག་ལེན་བྱས་པའི་ལས་འགན་གཙོ་བོ་ལག་བསྟར་བྱས་པ།བུད་མེད་དང་བྱིས་པའི་གོང་སྤེལ་དེ “དཔེ་སྟོན་ཆུས་” བཙུགས་པའི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ནས།གྲུབ་འབྲས་མངོན་གསལ་ཐོབ་པ་རེད།