འབའ་ལུང་རྫོང་གི་འབྲུ་རིགས་ཐོན་ཚད་ལོ་བརྒྱད་ལ་མུ་མཐུད་ནས་འཕར་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབའ་ལུང་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ནས་ཤེས་གསལ་བྱུང་དོན། འབའ་ལུང་རྫོང་གི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་ཁྲི 7181.83 ལ་ཟིན་ཞིང་། ན་ནིང་གི་དུས་མཚུངས་ལས་སྤྱི་རྒྱ་ཁྲི 318 མང་བས། 4.6%འཕར་ཡོད་ལ། ལོ་བརྒྱད་ལ་མུ་མཐུད་ནས་ཡར་འཕར་བ་རེད།
      ཤེས་གསལ་བྱུང་དོན། ན་ནིང་འབའ་ལུང་རྫོང་གི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་སོགས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར 7 ཟིན་ཡོད། དུས་མཚུངས་ལས་ 10% འཕར་བ། ཞིང་པའི་ཆ་སྙོམས་ཀྱི་ཡོང་བབ་གཙང་མ་སྔོན་རྩིས་བྱས་ན་སྒོར4760ཟིན་ཡོད།  ལོ་སྔ་མ་དང་བསྡུར་ན་22%འཕར་ཡོད།
     ཕྱུགས་ལས་ཐོན་ལས་བདེ་བླག་ངང་གོང་དུ་སྤེལ་ཏེ། ཤ་དང་། སྒོ་ང་། འོ་མའི་ཐོན་ཚད་མཁོ་འདོན་བྱས་ཚད་འདང་བ། ལོ་ཡོངས་ཀྱི་ཤའི་ཐོན་ཚད་བསྡོམས་པས་ཏུན་ 9110 ཟིན་ཡོད། འོ་མ་དང་སྒོ་ངའི་ཐོན་ཚད་ཏུན 960 ཟིན་པ། གཞི་ཁྱོན་ཅན་གྱི་གསོ་སྤེལ་ཆུ་ཚད་མུ་མཐུད་དུ་གོང་དུ་སྤེལ་ནས། ཕྱུགས་རིགས་ཆེ་ཆུང་གི་ལག་ཡོད་ཕྱུགས་གྲངས་ཁྲི39.56ཟིན་ཐུབ་རྒྱུ། ལོ་སྔ་མ་དང་བསྡུར་ན་ཁྲི0.74ཇེ་མང་དུ་སོང་ཡོད།