རང་ཁུལ་གྱི་ཡུལ་སྐོར་འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་པ།

རྩོམ་པ་པོ།    ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  དཔྱིད་གསར་དུས་ཆེན་གྱི་སྐབས་སུ། རང་ཁུལ་གྱི་ངལ་གསོའི་གཞུང་ལས་ཁང་ཁོངས་མི་ལས་ཁུངས་སོ་སོའི་མཉམ་དུ་འབད་བརྩོན་བྱས་འོག ཡུལ་སྐོར་ལས་ཀར་བདེ་འཇགས་དང་། སྒྲིག་ལམ། སྤུས་ཚད། ཁེ་ཕན་བཅས་བཞི་གཅིག་ཏུ་བསྡུས་པའི་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད། དཔྱིད་གསར་དུས་ཆེན་གྱི་ཡུལ་སྐོར་ཁྲོད་མངོན་པའི་ཞབས་ཞུའི་སྤུས་ཚད་དང་།  སྣེ་ལེན་བྱེད་ཚད་ན་ནིང་དང་བསྡུར་ན་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པས། དཔལ་འབྱོར་ཁེ་ཕན་དང་།  སྤྱི་ཚོགས་ཁེ་ཕན་ཕྱོགས་གཉིས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་རེད། 
        ཁུལ་ངལ་གསོའི་གཞུང་ལས་ཁང་གི་རྟག་དཔྱད་བྱས་པའི་བསྡོམས་རྩིས་ལྟར་ན། ཟླ 2 པའི་ཚེས 9 ཉིན་ནས་ཚེས 15 ཉིན་བར། རང་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི 39.61 སྣེ་ལེན་བྱས་པ་དང་།  ན་ནིང་གི་དུས་མཉམ་ལས་ 38.4% འཕར་སྣོན་བྱུང་ཡོད། དེའི་ཁྲོད་དུ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་བསྡོམས་པས་མི་ཐེངས 12673 སྣེ་ལེན་བྱས་པ་དང་།  ཡོང་སྒོ་སྒོར་ཁྲི 241 ཡོད། སྟག་མཆོང་གྲོང་རོང་ལྗོངས་ཁུལ་གྱིས་བསྡོམས་པས་མི་ཐེངས 18613 སྣེ་ལེན་བྱས་ཤིང་། ཡོང་སྒོ་སྒོར་ཁྲི 112 ཡོད། སུམ་རྩེན་གླིང་ལྗོངས་ཁུལ་གྱིས་བསྡོམས་པས་མི 7989 སྣེ་ལེན་བྱས་པ་དང་། ཡོང་སྒོ་སྒོར་ཁྲི 92 ཡོད། ནགས་ཕག་མཚོ་ལྗོངས་ཁུལ་གྱིས་མི་ཐེངས 5295 སྣེ་ལེན་བྱས་ལ།  ཁ་བ་དཀར་པོ་རྒྱལ་ཁབ་སྤྱི་གླིང་གིས་མི་ཐེངས 1316 སྣེ་ལེན་བྱས་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་གནང་བའི་སྐབས་སུ་རང་ཁུལ་གྱི་ཡུལ་སྐོར་བའི་ཡོངས་ཁུངས་གཙོ་བོ་ནི། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པ་དང་། སྤྲོ་གསེང་གཏོང་བ། གངས་རིའི་མཛེས་ཉམས་ལ་ལྟད་མོ་ཡོང་མཁན་གྱི་ཡུལ་སྐོར་བ་རེད། ཟླ་སྔོན་གྲོག་རོང་ལྗོངས་ཁུལ་དེ་ཡུལ་སྐོར་བའི་ངལ་གསོ་ས་གསར་བ་ཞིག་ཏུ་གྱུར་འདུག  དཔྱིད་གསར་དུས་ཆེན་གྱི་སྐབས་སུ།  ཟླ་སྔོན་གྲོག་རོང་ལྗོངས་ཁུལ་དུ་ཡོང་མཁན་ནང་ཕྱིའི་ཞིང་ཆེན་གྱི་ཡུལ་སྐོར་བ་ཆེས་མང་ལ། དེའི་ནང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས 5% ཟིན་ཡོད། ལྗོངས་ཁུལ་དེའི་མཚར་དུ་སྡུག་པའི་མཛེས་ལྗོངས་དང་། བབས་ཆགས་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་བོ་ཚུར་བཀུག་ལ།   གནས་དེ་ནས་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་གངས་རིའི་མཛེས་ཉམས་དང་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་སྙིང་བཅུད་ཉམས་སུ་བླངས་ཆོག་པ་རེད།  
        ཡུལ་སྐོར་བྱེད་ཞོར་དྲན་གསོའི་ཐོན་རྫས་ཉོ་བ་དེས་ཀྱང་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་བ་ཞིག་བསྣན་འདུག རང་ཁུལ་གྱི་ཚོང་ར་ཆེ་མ་ཆུང་གསུམ་གྱིས་དཔྱིད་གསར་དུས་ཆེན་གྱི་གོ་སྐབས་བཟང་བོ་འདི་དང་དུ་བླངས་ནས།  རིན་གོང་མར་བཅག་ནས་ཚོང་ཟོག་བཙོང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བས།   གྲོང་ཁྱེར་ནང་གི་སྡོད་དམངས་དང་ཡུལ་སྐོར་བའི་བློ་ཁ་དྲངས་ནས་འཛད་སྤྱོད་བྱེད་མཁན་ཇེ་མང་དུ་གྱུར་ཏེ་ཐོན་རྫས་ཉོ་བའི་ཚ་རླབས་ཤིག་འཕྱུར་ཡོད། རང་འདེམས་ཚོང་ར་དང་།  གློག་རྡུལ་རོལ་རྩེད་ཁང་། ཞིང་ཁྱིམ་རོལ་རྩེད་སོགས་ཀྱང་ན་གཞོན་རྣམས་ཆེས་འགྲོ་བའི་གནས་ཤིག་ཏུ་གྱུར་ཡོད་པ་དང་། རིན་གོང་མར་ཆགས་པའི་བྱ་འགུལ་སྤེལ་བ་སོགས་ཀྱིས་ཁེ་ལས་ཀྱིས་སྙན་གྲགས་ཇེ་མཐོར་སོང་ནས། ཡུལ་སྐོར་ཁྲོམ་ར་དང་ཚོང་ལས་ཁྲོམ་རས་ཕན་ཚུན་སྐུལ་འདེད་བྱེད་པའི་རྣམ་པ་བཟང་བོ་ཞིག་མངོན་ཡོད།  
        རང་ཁྱིམ་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ་དང་། རང་འདོད་ཀྱིས་ཡུལ་སྐོར་བྱེད་ཚད་ཀྱང་རྒྱུན་མཐུད་ནས་འཕར་སྣོན་བྱུང་ཡོད། རྒྱལ་ཁབ་ཀྱིས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ། འདུག་ས 7 ཡན་གྱི་རླངས་འཁོར་ཆུང་བར་ལམ་གླ་མི་ལེན་པ་དང་།  རང་ཁུལ་ལྗོངས་ཁུལ་གྱིས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་སྒོ་གླའི 20% མར་བཅག་པས། རང་ས་གནས་དང་ཕྱི་ཕྱོགས་ནས་ཐོན་པའི་ཡུལ་སྐོར་བ་མང་བོས་རང་ཁྱིམ་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་རྣམ་པ་ཆགས་ཡོད་པ་དང་། ཁྱིམ་མི་དང་། གཉེན་ཉེན།  གྲོགས་པོ་སོགས་གྲུབ་ཆ་གཙོ་བོ་བྱས་པའི་རང་འདོད་ཀྱིས་ཡུལ་སྐོར་བྱེད་པའི་ཡུལ་སྐོར་བའི་འཕར་གྲངས་ཤིན་ཏུ་མགྱོ གས། གཞན་ཡང་ཡུལ་སྐོར་བས་ཡུལ་སྐོར་སྒྲིག་ཆས་ཞབས་ཞུའི་ཡིད་ཚིམ་ཚད་ཧ་ཅང་མཐོ་བ་རེད།  ཡུལ་སྐོར་གྱི་ལྟ་བ་དང་། ཡུལ་སྐོར་གྱི་བྱ་སྤྱོད་ཐད་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཡུལ་སྐོར་བས་ཡུལ་སྐོར་ལྗོངས་རྒྱུ་བྱེད་པའི་གོ་རིམ་ཁྲོད་དུ་ཡུལ་སྐོར་སྣེ་ལེན་ཁང་དང་། ཡུལ་སྐོར་སྒྲིག་ཆས་ལ་དོ་སྣང་བྱེད་ཚད་ཆེ་རུ་གྱུར་ཡོད་ལ།  དེ་ནས་རིམ་བཞིན་ཚོང་ཟོག་ཉོ་བ་དང་།  རོལ་རྩེད། འགྲིམ་འགྲུལ་སོགས་ཕྱོགས་མང་བོའི་ཆ་ལའང་དོ་སྣང་བྱས་ནས། ཡུལ་སྐོར་ལྗོངས་རྒྱུའི་ཁོར་ཡུག་གི་རེ་འདུན་ཡང་ཇེ་མཐོར་དང་རྒྱ་བསྐྱེད་བྱུང་ཡོད་པ་རེད། ཡུལ་སྐོར་བའི་ཡུལ་སྐོར་ལྗོངས་རྒྱུའི་ཁོར་ཡུག་དང་ཞབས་ཞུའི་རེ་འདུན་ཇེ་མཐོར་སོང་བའི་གནས་ཚུལ་ལ་གཞིགས་ནས། རང་ཁུལ་གྱིས་ནུས་ཤུགས་གང་ཡོད་བཏོན་ནས་ཡུལ་སྐོར་གྱི་སྒྲིག་ཆས་དང་ཞབས་ཞུ་བྱེད་ཚད་ཚད་ལྡན་ཅན་དང་འཐུས་ཚང་ཅན་དུ་བཏང་བ་དང་། གཟབ་ནན་གྱིས་ཡུལ་སྐོར་ཁྲོམ་ར་ལེགས་སྒྲིག་བྱས་ཏེ།  ཡུལ་སྐོར་དང་འབྲེལ་ཡོད་ཐོན་ལས་གྱི་དོ་དམ་ལ་ཤུགས་བསྣན་ནས། ཧུར་ཐག་གིས་གིས་ཡུལ་སྐོར་གྱི་སྤུས་ཚད་ཇེ་མཐོར་བཏང་ལ། དེའི་ཞོར་དུ་གྲོང་ཁྱེར་གྱི་ཁོར་ཡུག་དང་།  འབྲེལ་ཡོད་ཐོན་ལས། སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་དོ་དམ། ཡུལ་སྐོར་ཁོར་ཡུག་འཛུགས་སྐྲུན་སོགས་ལ་ཐོག་མའི་ཕན་འབྲས་ཐོབ་ཡོད། 2012 ལོའི་དུས་མཉམ་དང་བསྡུར་ན། ཡུལ་སྐོར་བས་རང་ཁུལ་ཡུལ་སྐོར་ལས་རིགས་ལ་གདེང་འཇོག་བྱེད་ཚད་ཇེ་བཟང་དུ་གྱུར་ཡོད།  
        ལོ་གསར་བའི་ནང་གསོལ་འདེབས་བྱེད་མཁན་ཤིན་ཏུ་མང་བ།  རང་ཁུལ་ནི་མདོ་དབུས་མཐོ་སྒང་གི་བོད་ཁུལ་དུ་ཆགས་ཡོད་ཅིང་།   སུམ་རྩེན་གླིང་ལྗོངས་ཁུལ་དང་།   ཤང་དང་གྲོང་རྡལ་སོ་སོའི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་དུས་ཆེན་བྱ་འགུལ་སོགས་ཀྱིས་བདེ་ཆེན་གྱི་གསོལ་འདེབས་རིག་གནས་དང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་ལས་སྒྱུ་རྩལ་ལེགས་པར་ཚུར་སྣང་བྱས་ཡོད་ལ།   དེའི་ཕྱོགས་ལ་སྤྲོ་སྣང་ཡོད་པའི་ཡུལ་སྐོར་བ་མང་བོ་ཡོད།    སུམ་རྩེན་གླིང་དང་།   ནམ་མཁའ་བཀྲ་ཤིས་དགོན།   རྒྱལ་བ་རིགས་ལྔ་དགོན་སོགས་སུ་གསོལ་འདེབས་ལ་ཡོང་བའི་ཡུལ་སྐོར་བ་དང་།   ས་གནས་རང་གི་སྡོད་དམངས་རྒྱུན་མ་ཆད་པར་ཡོད་ལ།   དེ་དག་གིས་ངལ་གསོའི་དུས་ཡུན་ནང་ཡུལ་སྐོར་བྱེད་མཁན་གྱི་ཁྲོམ་རའི50%ཟིན་ཡོད།  
        དམངས་སྲོལ་རིག་གནས་བྱ་འགུལ་གྱིས་ཡུལ་སྐོར་བའི་བློ་ཁ་ཚུར་དྲངས་པ།   དཔྱིད་གསར་དུས་ཆེན་ལ་དགའ་སྣང་དང་།  འཆམ་མཐུན།   སྤྲོ་སྐྱིད་ལྡན་པའི་དུས་ཆེན་གྱི་སྣང་བ་ཞིག་བསྐྲུན་ཆེད།  ཁུལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་སོ་སོས་དམངས་སྲོལ་དང་།  སྲོལ་རྒྱུན།  རིག་གནས་བཅས་ཀྱི་བརྗོད་སྙིང་ལ་བརྟེན་ནས་གྲོང་ཁྱེར་གྱི་སྡོད་དམངས་དང་ཡུལ་སྐོར་བ་ཚུར་བཀུག་པ།  ལོ་གསར་ཚེས 2 ཉིན།  སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་གྲོང་གི་ཟླ་འོད་ཐང་ཆེན་ནས་དགའ་སྤྲོས་འཁོར་བའི་ཤམ་བྷ་ལ་སྟེ་དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་བྱ་འགུལ་སྤེལ་བ་དང་།  ནང་དོན་ཕུན་སུམ་ཚོགས་ལ།   རྣམ་པ་གསར་བ་ཡིན་པ།  ས་གནས་རང་གི་ཁྱད་ཆོས་མངོན་པར་གསལ་བ།  རིག་གནས་ཀྱི་བརྗོད་སྙིང་མཐུག་པ་སོགས་ཀྱི་དབང་གིས་ཡུལ་སྐོར་བ་མི་ཐེངས 1000 ལྷག་གི་ཡིད་སེམས་བཀུག་པ་དང་།  ཡུལ་སྐོར་བར་གྲངས་ཉུང་མི་རིགས་ས་ཁུལ་གྱི་ལོ་གསར་གྱི་རྣམ་པ་ཉམས་སུ་མྱོང་དུ་བཅུག་པ་རེད།    
       དཔྱིད་གསར་དུས་ཆེན་སྐབས་ཀྱི་ངལ་གསོའི་དུས་ཡུན་ནང་ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་ལེགས་པར་སྒྲུབ་ཆེད།  ཁུལ་ཡུལ་སྐོར་ལྗོངས་རྒྱུ་ངལ་གསོའི་གཞུང་ལས་ཁང་གིས་སྔ་ས་ནས་དཔྱིད་གསར་དུས་ཆེན་སྐབས་ཀྱི་ངལ་གསོའི་དུས་ཡུན་ནང་ཡུལ་སྐོར་བྱེད་པའི་ལས་ཀར་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་བྱས་པ་དང་།  བདེ་འཇགས་དང་།   སྒྲིག་ལམ།  སྤུས་ཚད།   ཁེ་ཕན་བཅས་བཞི་གཅིག་ཏུ་བསྡུས་པའི་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱུང་བར་འབད་བརྩོན་བྱས།  
        ཞིང་ཆེན་ངལ་གསོའི་གཞུང་ལས་ཁང་གི 2013 ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཡུན་ནང་ཡུལ་སྐོར་བྱེད་པའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་ནས།  ཁུལ་ངལ་གསོའི་གཞུང་ལས་ཁང་གིས་ཁུལ་ཡུལ་སྐོར་ཐོན་ལས་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་ལས་ཁུངས་སོ་སོ་བསྡུས་ནས།   ཆེད་དོན་གྲོས་ཚོགས་འཚོགས་ཤིང་།  གྲོས་ཚོགས་ཀྱི་རྗེས་སུ 《བདེ་ཆེན་ཁུལ་གྱི་ངལ་གསོའི་ཡུལ་སྐོར་སྙོམས་སྒྲིག་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས 2013 ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཡུན་ནང་ཡུལ་སྐོར་ལས་ཀ་ལེགས་པར་སྒྲུབ་པའི་སྐོར་གྱི་བརྡ་ཐོ》བཟོས་ནས་མར་བཀྲམས་ཏེ།   ཁུལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཡུན་ནང་གི་ཡུལ་སྐོར་ལས་ཀར་སྤྱིའི་བཀོད་སྒྲིག་གནང་བ་རེད།  
        དཔྱིད་གསར་དུས་ཆེན་གྱི་སྐབས་སུ།  རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཡུལ་སྐོར་ལས་རིགས་ནང་ཁུལ་གྱི་དོ་དམ་ལས་ཀར་ཤུགས་བསྣན་ནས།  བདེ་འཇགས་ཀྱི་སྒོ་ནས་ཐོན་སྐྱེད་བྱེད་པའི་འདུ་ཤེས་ལ་བརྟེན་ཏེ། དངོས་སུ་ལས་ཀར་ཞུགས་བཞིན་པའི་ཡུལ་སྐོར་ཞབས་ཞུ་མི་སྣའི་སློབ་གསོའི་གསོ་སྦྱོང་ལ་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་སྙན་ཞུའི་ལམ་ལུགས་བཙུགས་པ་རེད། ཡུལ་སྐོར་ལྗོངས་ཁུལ་དང་ས་ཚིགས་ཁག་ནས་བདེ་འཇགས་ཀྱིས་ཐོན་སྐྱེད་བྱེད་པའི་ལམ་ལུགས་བཙུགས།  ཡུལ་སྐོར་ལྗོངས་ཁུལ་དང་ས་ཚིགས་ཁག་གིས་ཚན་ཁག་སོ་སོའི་ལས་ཀའི་འགན་ནུས་ཀྱི་འགན་འཁུར་དང་ཟུང་འབྲེལ་བྱས་ནས་ཕན་ཚུན་བར་སྙོམས་སྒྲིག་དང་རམ་འདེགས་བྱེད་པར་ཤུགས་བསྣན་ལ། 《ཡུལ་སྐོར་ལྗོངས་ཁུལ་དང་ས་ཚིགས་ཀྱིས་དོན་རྐྱེན་ཐག་གཅོད་པའི་གྲ་སྒྲིག་འཆར་འགོད》 དང་། 《རླངས་འཁོར་འཇོག་ས་དང་རླངས་འཁོར་བརྡ་སྟོན་ཚད་གཞི་སྙོམས་སྒྲིག་གི་འཕྲལ་བྱུང་དོན་རྐྱེན་གྱི་གྲ་སྒྲིག་འཆར་འགོད》 《སྒོ་འགོག་མ་ལག་ནས་ཡུལ་སྐོར་བ་བདེ་བླག་གིས་ཕྱི་ལ་སྐྱེལ་ཚུལ་གྱི་གྲ་སྒྲིག་འཆར་འགོད》སོགས་བཟོས་པ་རེད། བདེ་འཇགས་ཉེན་སེལ་གྱི་ལས་ཀ་ལེགས་པར་སྒྲུབ་ནས།  རིམ་པAཅན་གྱི་ལྗོངས་ཁུལ་གྱི་གཞུང་ལམ་དང་།  རླངས་འཁོར། རོལ་རྩེད་སྒྲིག་ཆས་སོགས་ལ་ཉིན་རྒྱུན་ཞིག་གསོ་དང་བདག་གཉེར་བྱས་ནས།  ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་། ལྗོངས་ཁུལ་གྱི་བདེ་འཇགས་སྐོར་ཞིབ་ལམ་ལུགས་བཙུགས་ནས། ལྗོངས་ཁུལ་ནང་གི་ལས་བྱེད་མི་སྣའི་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།