ལྷ་སའི་ཕྱོགས་ལོ་གསར་གཏོང་ཚུལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།



         བོད་རང་ལ་དུས་ཆེན་གྱི་དགའ་སྟོན་རོལ་སྟངས་སྣ་ཚོགས་པ་ཞིག་ཡོད་ནའང་ལོ་གསར་ནི་དུས་ཆེན་ཆེས་གཙོ་་གྲས་ཤིག་ཡིན་ཕྱིར། ལྷ་སའི་ཕྱོགས་སུ་བོད་ཟླ་བཅུ་གཉིས་པ་ཚུགསུཔ་ནས་བཟུང་ལོ་གསར་གྱི་ཟས་གོགགྲ་སྒྲིག་ལ་འབད་པའི་ཟླ་ཞིག་ཡིན།  དེ་ལས་གནམ་གང་ཉིན་ལ་གྲོ་སོ་ཕྱེ་མར་དང་། ལོ་ཕུད། ཆང་ཕུད། ལུག་མགོ་ལ་མར་ཚོན་གྱི་ཉི་ཟླས་བརྒྱན་པ། དེ་བཞིན་ཡུལ་ཐོན་བཅལབཅའི་བྱེ་བྲག་སྣ་ཚོགས་ཀྱི་སྡེར་ཁ་གཟབ་རྒྱས་བཤམས་པ་དང་ཁྱིམ་གྱི་སྣོད་བཟང་དག་ལ་བལ་དཀར་དཀྲི་བ།རྒྱལ་སྒོའི་མདུན་ལ་གཡུང་དྲུང་འབྲི་བ་སོགས་་བྱེད་པ་ཡིན།
        ལོ་གསར་ཚེས་གཅིག་ཉིན་གྱི་ནམ་ལངས་ཀྱི་རྩེ་མོར་ཁྱིམ་ཚང་སོ་སོའི་ཆུ་ལེན་ཚོས་གཟབ་གོས་གང་ཡག་སྤྲས་ཏེ་སྐུ་བསང་གཏོང་བ་དང་ཁ་བཏགས་འདོགས་པ། ཕྱེ་མར་དང་ཆང་ཕུད་གཏོར་བ་བཅས་བྱས་ཏེ་ཕྱི་སྒོའི་འགྲམ་དུ་འབྲས་དཀར་པས་དགེ་མཚན་ལྡན་པའི་འབྲས་བཤད་རྒྱག་པ་ཡིན། དེ་ནས་ཁྱིམ་མི་རྒན་གཞོན་བར་མ་ཀུན་གྱིས་གཟབ་མཆོར་སྤྲས་ཏེ་གཙུག་ལག་ཁང་སོགས་སུ་མཆོད་མཇལ་ལེགས་པར་ཞུས་རྗེས་རང་ཁྱིམ་དུ་ལོག་སྟེ་གྲལ་གོར་ཞིག་བསྒྲིགས་ནས་གྲོ་སོ་ཕྱེ་མར་དང་གྲོ་མ་འབྲས་སིལ།  ཆང་ཕུད་སོགས་ཕུད་གཏོར་བྱེད། དེ་ནས་རོ་བཅུད་འཛོམས་པའི་ཟས་གང་བཟང་ལོངས་སྤྱོད་ཅིང་ཁྱིམ་མཚེས་ཕན་ཚུན་ལ་ཕྱེ་མར་རྒྱུག་རེས་བྱེད།    གཏམ་གྱི་དང་པོ་ལ“བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།  ཨ་མ་བག་དྲོ་སྐུ་ཁམས་བཟང་།    གཏན་དུ་བདེ་བ་ཐོབ་པར་ཤོག  གོང་ནས་གོང་དུ་འཕེལ་བར་ཤོག”ཅེས་བརྗོད་པ་དང་ཕྱེ་མར་ཆང་ཕུད་བཏེགས་ཏེ་སྤྲོ་སྐྱིད་གཏོང་བ་ལས་ཕན་ཚུན་བར་མགྲོན་སྐྱོད་བྱེད་སྲོལ་མེད་པ་ཡིན།
        ཚེས་གཉིས་ནས་བཟུང་ཁང་བའི་སྟེང་ལ་རླུང་རྟའི་དར་ལྕོག་འཛུགས་པ་དང་བསང་མཆོད་རྒྱ་ཆེན་བྱས་ཏེ་ཁྱིམ་ཚང་བར་མགྲོན་འབོད་བྱེད་ཅིང་བག་སྟོན་དང་གླུ་ལེན་གར་འཁྲབ་ཀྱིས་ཀུན་ནས་རྩེད་འཇོའི་མགུ་བར་བྱས་ཏེ་བཀྲ་ཤིས་ཤིང་བྱིན་ཆགས་ལྡན་པའི་གནའ་བོའི་སྲོལ་བཟང་གིས་མི་ཀུན་དགྱེས་པའི་རྩེར་སོན་ནོ།།