ཁུ་བྱུག་བསུ་བའི་དུས་ཆེན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།

        བོད་ཟླ༣ཚེས༡༥ཉིན་ནི་ཁུ་བྱུག་མོན་ནས་བོད་ལ་སླེབས་པའི་དུས་ཚོད་ཡིན་ཞིང་།   རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་ཁུ་བྱུག་མོན་ནས་ཡོང་བས ། ནམ་ཟླའི་བཅུད་འཕེལ་སོང་ཞེས་བྲིས་པ་ལྟར་དེའི་ཉིན་མོ་དུད་ཚང་ཚང་མས་ཇ་ཆང་འཁྱེར་ནས་གླིང་ཁའི་ནང་ཁུ་བྱུག་ལ་བསུ་བ་དང་ཞུ་བ་དང་།    ནོར་གཡང་འཕེལ་བའི་་སྨོན་ལམ་འདེབས་ཀྱི་ཡོད་ལ།   ཉམས་མྱོང་ཡོད་པའི་སོ་ནམས་རྒན་པོ་ཚོས་ཁུ་བྱུག་གི་སྐད་ལ་བརྟེན་ནས་ཆར་ཆུ་དང་ལོ་ལེགས་ཇི་ཡོང་གི་ལེགས་ཉེས་བརྟག་པའི་སྲོལ་ཡང་མཆིས།།