སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་ལས་འཕྲུལ་ཆས་ཁ་གསབ་ཀྱིས་ཞིང་པར་ཕན་པ་ཐོབ་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

         སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་ཐབས་སྤྱད་ནས།རྒྱལ་ཁབ་ཞིང་ལས་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱས་པའི་ཁ་གསབ་དམངས་ཕན་སྲིད་ཇུས་དངོས་སུ་དོན་འཁྱོལ་བྱས་ཏེ།ཞིང་པ་སྤྱི་ལ་ཕན་པ་ཐོབ་ཡོད་པ་རེད།
        2012 ལོར།སེམས་ཀྱི་ཉི་ཟླ་རྫོང་གིས་ཁྱོན་བསྡོམས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱི་ཀྲུང་དབྱང་ཁ་གསབ་མ་དངུལ་སྒོར་ཁྲི་ 299.97 སྤྲད་པ་དང་།འཕྲུལ་ཆས་ 2046 ལ་ཁ་གསབ་སྤྲད་པ།ཕན་ཐོབ་ཞིང་དུད་ 1848 ཟིན་པ།འཕྲུལ་ཆས་ཀྱིས་ཞིང་མུའུ་ཁྲི 8 རྨོས་པ།འཕྲུལ་ཆས་ཀྱིས་མུའུ་ཁྲི་1.8བརྔ་བསྡུ་བྱས་པ།འཕྲུལ་ཆས་ཀྱིས་མུའུ་ཁྲི་0.2འདེབས་འཛུགས་བྱས་པ།འཕྲུལ་ཆས་འབྲུ་ཏུན་ཁྲི11འདོན་པ།ཞིང་ལས་འཕྲུལ་ཆས་ཀྱིས་མུའུ་ཁྲི་3.5ལ་ཆུ་བཏང་བ་རེད།  
        ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་གོང་སྤེལ་བྱེད་རིམ་མྱུར་པོར་གཏོང་ཆེད།སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་འཕྲུལ་ཆས་སྡེ་ཁག་གིས་དྲིལ་བསྒྲགས་དཔྱད་ཡིག་ཁྲི་གཅིག་ལྷག་དཔར་ནས་འགྲེམས་སྤེལ་བྱས་པ།   ཤང་དང་གྲོང་རྡལ་སོ་སོར་ཟབ་ཞུགས་བྱས་ནས་ཕྱོགས་ཡོངས་སུ་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་སྐོར་གྱི་ཁ་གསབ་ཁྱབ་ཁོངས།ཚད་གཞི།རེ་ཞུ་འགྲོ་ལུགས།འཕྲུལ་ཆས་ཉོ་བའི་དུས་ཚོད།ས་གནས་སོགས་ནང་དོན་དྲིལ་བསྒྲགས་བྱས་པ།ཡུལ་མིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་གོ་རྟོགས་བྱུང་བར་རོགས་རམ་བྱེད་པ།རྫོང་འདིས་རེ་ཞུ་མི་སྣའི་འོས་ཚད་ལ་ནན་པོས་ཞིབ་བཤེར་བྱས་པ།རེ་ཞུ་མི་སྣའི་མིང་ཐོ་ཁྱབ་བསྒྲགས་གཏོང་བ།   མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ།རྒྱ་ཆེ་བའི་ཞིང་དུད་ཀྱིས་ཞིང་ལས་འཕྲུལ་ཆས་ཉོ་བར་སྟབས་བདེ་པོ་བྱུང་ཆེད།ད་དུང་ཆེད་དམིགས་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བདག་གཉེར་ས་ཚིགས་བཙུགས་ནས།ཉོ་སྒྲུབ་ཞིང་དུད་ལ་འགན་ཁུར་བས་རྒྱལ་ཁབ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཀྱི་སྲིད་ཇུས་དང་ཉོ་སྒྲུབ་ལས་དོན་ལ་འགྲེལ་བཤད་བྱས་པ་རེད།