སྒོར་ཁྲི་877ཡི་གྲངས་ཆུང་དངུལ་བུན་བཏང་ནས་ལས་སྒོ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱས་པ།

རྩོམ་པ་པོ།   ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ད་ལོར་རང་ཁུལ་གྱིས་རིམ་བསགས་ཀྱིས་གྲངས་ཆུང་དངུལ་བུན་སྒོར་ཁྲི་ 877 བཏང་ནས་མི་ 138 ཡིས་ལས་སྒོ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱས་ནས། ལས་སྒོ་གསར་འབྱེད་བྱེད་པར་སྐུལ་མ་བཏང་སྟེ་ལས་ཞུགས་བྱེད་ཚད་མཐོར་བཏང་བ་རེད། 
        ལས་སྒོ་གསར་འབྱེད་ལ་སྐུལ་སྤེལ་གཏོང་བའི་ལས་ཞུགས་ལས་ཀ་མུ་མཐུད་ནས་འགྱུར་ལྡོག་ཆེ་བའི་གནས་ཚུལ་གསར་བར་དམིགས་ནས།  རང་ཁུལ་གྱི་ལས་ཞུགས་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་གྲངས་ཆུང་དངུལ་བུན་ལས་ཀ་དེ་གཙོ་བོར་བཞག་ནས་སྒྲུབ་པ་རེད།  གྲངས་ཆུང་དངུལ་བུན་དང་ལས་སྒོ་གསར་འབྱེད་ཀྱི་རེ་འདུན་ཡོད་པའི་མི་དང་། ལས་ཞུགས་བཅས་དང་འབྲེལ་བ་དམ་པོ་བྱས་ནས།  རྒྱུན་ཆད་མེད་པར་བསམ་གཞིགས་གསར་པར་ཞིབ་འཇུག་བྱས་ཤིང་། བྱ་ཐབས་གསར་པ་གཏན་འབེབས་བྱས་ནས། གྲངས་ཆུང་དངུལ་བུན་གྱིས་ལས་སྒོ་གསར་འབྱེད་ལ་རོགས་སྐྱོར་བྱེད་པའི་ནུས་པ་མཁོ་འདོན་འདང་ངེས་བྱས་པ་རེད། འདྲ་མཉམ་དང་། དྲང་བདེན། དྲང་གཞག  ལེགས་ཐོན་བཅས་ཀྱི་རྩ་དོན་ལ་གཞིགས་ནས།  གོམ་གང་མདུན་སྤོས་ཀྱིས་རྒྱ་ཆེའི་ཞིང་པ་ལས་མི་དང་། གྲོང་རྡལ་གྱི་ལས་བྲལ་བཟོ་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ཀྱིས་ལས་སྒོ་གསར་འབྱེད་བྱེད་པའི་ཧུར་ཐག་རང་བཞིན་ལ་སྐུལ་མ་བཏང་བ་རེད།