རང་ཞིང་གིས་ལོ་3ནང་ཨང་གྲངས་ཁོར་ཡུག་སྲུང་སྐྱོང་མ་ལག་འཛུགས་རྒྱུའི་འཆར་གཞི་བཀོད་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

       ཡུན་ནན་ཉིན་རེའི་ཚགས་པར་ཁང་གི་འཕྲིན།ད་ལོ་ནས་བཟུང་།རང་ཞིང་གིས་ཁོར་ཡུག་དོ་དམ “ཆ་འཕྲིན་ཅན་དང་།རིག་ནུས་ཅན།ཞིབ་ཕྲ་ཅན” གྱི་འཛུགས་སྐྲུན་དེ་ཁོར་ཡུག་ལས་ཀའི་ནང་གི་གནད་ཆེ་བར་གྱུར་ནས།དུས་ཡུན་ཉིན་ 3 རིང་བར་ཞིང་ཆེན་ཡོངས་ཀྱི “ཨང་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་” མ་ལག་བཙུགས་པས།ཁོར་ཡུག་སྲུང་སྐྱོང་གི་དོ་དམ་གྱི་རྣམ་བསྒྱུར་རིམ་སྤར་མངོན་འགྱུར་བྱུང་བའི་འཆར་གཞི་འགོད་པ་རེད།    རང་ཞིང་གིས་ད་ཡོད་ཐོན་ཁུངས་ལེགས་སྒྲིག་བྱས་ནས།ཞིང་ཆེན་ཡོངས་ཀྱི “གསུམ་འགྱུར” འཛུགས་སྐྲུན་ལག་བསྟར་ཐབས་ཇུས་སྒྲིག་པ།ཚད་གཞི་གཅིག་ཏུ་གྱུར་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་རོགས་སྐྱོར་ལ་བརྩོན་ལེན་བྱས་པ་རེད།ད་ལོར་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ཆེད་དམིགས་མ་དངུལ་སྒོར་ཁྲི་ 2000 ཡིས་ཞིང་ཆེན་ཡོངས་ཀྱི “ཨང་གྲངས་ཁོར་ཡུག་སྲུང་སྐྱོང་” མ་ལག་ཏུ་འཇུག་པར་བཀོད་སྒྲིག་བྱས་ཤིང་།ཁུལ་དང་གྲོང་ཁྱེར་སོ་སོའི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གི་ལྷུ་ལྷག་ཆ་ཚང་སྒྲིག་པའི་མ་དངུལ་བརྩོན་ལེན་བྱས་ནས།ས་གནས་སོ་སོའི་ “ཨང་གྲངས་ཁོར་ཡུག་སྲུང་སྐྱོང་” མ་ལག་མྱུར་པོའི་ངང་བཙུགས་པ་རེད།  “ཨང་གྲངས་ཁོར་ཡུག་སྲུང་སྐྱོང་” མ་ལག་བཙུགས་ནས།རང་ཞིང་ཆེན་གྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་གྱི་ཕྱོགས་བསྡུས་དོ་དམ་ལས་སྟེགས་དང་།ཁོར་ཡུག་ལྟ་ཞིབ་གནས་སྤོ་སྲིད་འཛིན་ལས་སྟེགས་བཙུགས་པ།ཞིང་ཡོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་གཞི་གྲངས་ཀྱི་མཛོད་བཙུགས་ནས།ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྱི་དུས་བཀག་གསར་བསྒྱུར་མངོན་འགྱུར་བྱུང་བ།ཞིང་ཡོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་བ་བཙུགས་ནས།སྐུད་གནས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་དུས་ཐོག་ཏུ་སྐྱེལ་བ་ལ་མངོན་འགྱུར་བྱུང་བ།ཁོར་ཡུག་ས་བབ་ཆ་འཕྲིན་གྱི་ལས་སྟེགས་བཙུགས་ནས།“ཁོར་ཡུག་སྲུང་སྐྱོང་གི་དོ་དམ་རི་མོ་ཞིག”དང་ཁོར་ཡུག་དོ་དམ་གཞི་གྲངས་ཀྱི་གཟུངས་མཐོང་ཅན་སོགས་མངོན་འགྱུར་བྱུང་རྒྱུ་རེད།