འབའ་ལུང་རྫོང་གིས་ཐུན་མོང་ནགས་དབང་གི་ལྷུ་ལག་ཆ་ཚང་སྒྲིག་པའི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   ྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ།འབའ་ལུང་རྫོང་གིས་ནུས་པ་ལྡན་པའི་བྱ་ཐབས་སྤྱད་ནས་ནགས་ལས་རྒྱུ་ནོར་གྱི་དབང་ཆ་ལམ་ལུགས་ལ་ལྷུ་ལག་ཆ་ཚང་སྒྲིག་པའི་བསྒྱུར་བཅོས་གཏིང་ཟབ་པོར་བྱས་ནས།ནགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་མཁན་ལ་སྔར་ལས་ལྷག་པར་ཞབས་འདེགས་ཡག་པོ་ཞུས་པ་རེད། 
       ན་ནིང་གི་ཟླ་ 6 པའི་ཚེས་ 18 ཉིན།འབའ་ལུང་རྫོང་གིས་ནགས་དབང་དོ་དམ་ཞབས་འདེགས་ཀྱི་ལྟེ་གནས་བཙུགས་ནས།རྫོང་ཡོངས་ཀྱི་ནགས་ཤིང་དང་ནགས་ཚལ་བདག་དབང་གཏོགས་ཀྱི་ཐོ་འགོད་དང་གནས་ཚུལ་དོ་དམ་འགན་ལེན་བྱས་ཤིང་།ནགས་དབང་རྒྱུན་འཁོར་དང་ནགས་དབང་གཏའ་མ་འཇོག་པའི་ལས་ཀ་ཡག་པོ་སྒྲུབ་པ་རེད། 
       རྫོང་འདིའི་ནགས་དབང་ཉོ་ཚོང་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་བདེ་བླག་ཏུ་གོང་སྤེལ་བཏང་ནས།ཁུལ་ནགས་བཅོས་གཞུང་ལས་ཁང་གིས་ནགས་དབང་ཕྱོགས་ཚད་གཞི་གྲངས་ཀྱི་མཛོད་སྤྲད་པ་དང་།ལག་རྩལ་རོགས་སྐྱོང་ལས་ཁུངས་ཏེ་ཡུན་ནན་ཞིང་ཆེན་ནགས་ལས་བརྟག་དཔྱད་འཆར་འགོད་ཁང་སྐྱེ་དངོས་ཡན་ལག་རུ་ཁག་གིས་ནགས་དབང་དང་ནགས་ཚལ་ཐོན་ལས་དོ་དམ་ཆ་འཕྲིན་མ་ལག་འཛུགས་པའི་གྲོས་མཐུན་ཡིག་ཆ་འཇོག་པ་རེད།མིག་སྔར།སྲ་མཁྲེགས་ཅན་གྱི་ལྷུ་ལག་སྒྲིག་བཀོད་རིམ་པ་འཕར་བའི་གྲ་སྒྲིག་བྱེད་བཞིན་པ་དང་།ནགས་ཞིང་ཆེད་དམིགས་མཉམ་ལས་ཁང་གི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བྱུང་ཡོད་པ་སྟེ།ཝེ་ཀྲི་ཙི་ལི་རྒུན་འབྲུམ་འདེབས་འཛུགས་ཆེད་དམིགས་མཉམ་ལས་ཁང་དང་།ཁང་ཅ་ཀྲུང་དབྱིའི་སྨན་རྫས་འདེབས་འཛུགས་མཉམ་ལས་ཁང་།ཐུང་ལེ་པེ་ཀྲི་ལུའོ་སྟར་ཀའི་འདེབས་འཛུགས་མཉམ་ལས་ཁང་9 བཙུགས་ཡོད།     

     ནགས་དབང་གཏའ་མ་འཇོག་པའི་ཐོ་འགོད་ལས་ཀ་ཚད་ལྡན་ངང་བྱས་ནས།ནགས་ཚལ་ནགས་ཤིང་རྒྱུན་འཁོར་དུད་ཚང་ 5 དང་ས་ཆ་ 10 བདག་སྤྲོད་བྱས་པས།རྒྱ་ཁྱོན་མུའུ་ 25.5 ཟིན་ཡོད།ནགས་ཚལ་བདག་དབང་ཡོད་མཁན་གྱི་ཚབ་བྱས་ནས་ནགས་ཤིང་གི་རྒྱུན་འཁོར་མ་དངུལ་སྒོར་ཁྲི་13.4བླངས་པ།དུད་ཁྱིམ5ལ་ནགས་ཚལ་ནགས་ཤིང་རྒྱུན་འཁོར་གྱི་སྤྱི་བསྒྲགས་བཏང་བ་དང་།དུད་ཁྱིམ10ལ་ནགས་དབང་དཔང་ཡིག་སྒྱུར་བ།ཁྱོན་བསྡོམས་པས་ནགས་དབང་གཏའ་མ་འཇོག་པའི་དངུལ་བུན་ཐོ་འགོད་དུད་ཁྱིམ2ལ་སྒྲུབ་པས།རྒྱ་ཁྱོན་མུའུ་255.9ཟིན་ཞིང་།དངུལ་བུན་སྒོར་ཁྲི་101ཟིན་པ།ནགས་ཞིང་ངོ་གཏུག་ཐེངས་7་ལེན་བྱས་པ་རེད།