མ་ཤི་སར་ང་ཡང་བསྐྱལ་རོགས།

རྩོམ་པ་པོ།   འབྲི་སྨྱོན་གྱིས་བསྡུས།   ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    སྤང་རྒྱན་མེ་ཏོག

    སྔོན་དགེ་བཤེས་ཤིག་གནས་སྐོར་ལ་བྱོན་ཏེ་ནུབ་གཅིག་ཁྱིམ་ཚང་ཞིག་ཏུ་གནས་ཚང་གཡར་རོགས་ཞུས་པས། དེའི་མ་རྒན་གྱིས་“ཁྱོད་དགེ་བཤེས་མིན་ལས་ཆེ། ང་དགེ་བཤེས་ཁ་བདེ་པོ་དེ་ཚོར་གནས་ཚང་གཡར་འདོད་མེད། ཁྱོད་ཁ་བདེ་མ་བྱེད་ཨང་”ཟེར་བར་“ལགས། ལགས་སོ། ཞེས་”བརྗོད་ནས་བསྡད་པའི་ཚེ། མ་རྒན་གྱིས་ལྟོ་འཐུང་བཞིན་པའི་སྐབས་སྐེ་ལ་ལག་ཉུལ་ཞིག་བྱས་ཏེ། བུ་མོར་“ཨ་མས་འདིར་ཤིག་ཅིག་རྙེད་བྱུང༌། འདི་མ་ཤི་ས་ཞིག་ཏུ་འཁྱོལ་ཤོག་”ཟེར་བ་ན། དགེ་བཤེས་ཀྱིས་“ཐམས་ཅད་མི་རྟག་པས་མ་ཤི་སྡོད་ས་མེད་བསམ་གྱི་ཡོད་ཀྱང༌། མ་ཤི་ས་ཞིག་ཡོད་འདུག་པས། མ་ཤི་སར་ང་ཡང་བསྐྱལ་རོགས།”ཞེས་སྨྲས་པས། མ་རྒན་གྱིས་“ཁ་བདེ་པོ་ཡོད། ཕྱིར་རྒྱུག་”ཟེར་ནས་གནང་ཚང་མ་གཡར་བར་གྲགས་སོ།