བདེ་ཆེན་རྫོང་གིས་སྟར་ཀའི་ཐོན་ལས་གོང་དུ་སྤེལ་ཤུགས་ཆེ་རུ་བཏང་བ།

རྩོམ་པ་པོ།    གཡང་མཚོས།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླའི་བོད་ཡིག་འདྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་ལ།བདེ་ཆེན་རྫོང་གིས་སྟར་ཀའི་ཐོན་ལས་གོང་དུ་འཕེལ་བའི་གོམ་སྟབས་ཇེ་མགྱོ གས་སུ་བཏང་ནས།ས་ཁུལ་གྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་རྨང་གཞི་བརྟན་པོར་གྱུར་ཏེ།སྐྱེ་ཁམས་ཀྱི་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།
 2008ལོར།བདེ་ཆེན་རྫོང་གིས་ས་གནས་ཀྱི་དངོས་ཡོད་དང་བསྟུན་ནས།ཡན་མན་ཤང་དང་།ཐང་སྟེང་ཤང་།བྲག་ཞབས་ཤང་བཅས་སུ་ཤུན་སྲབ་སྟར་ཀའི་ཚན་རྩལ་དཔེ་སྟོན་གནས་གཞི་ཁག3བཙུགས་ཏེ།ས་ཞིང་གནས་བབ་ཀྱི་ཁྱད་པར་ལ་གཞིགས་ནས་ཞིན་ཅང་སྟར་ཀ་དང་དབྱང་པིའི་ཤུན་སྲབ་སྟར་ཀ་ཆེན་པོ་གཉིས་སྣ་རིགས་གཙོ་བོར་བཟུང་ནས་འདེབས་པས།དཔེ་སྟོན་གནས་གཞིའི་སྤྱིའི་རྒྱ་ཁྱོན་མུའུ6994.2ལ་ཟིན།མིག་སྔར།གནས་གཞི་ཁག3གྱི་སྟར་ཀའི་གསོན་ཚད་96%ལ་ཟིན་པ་རེད།
    2012ལོར།གསར་འགོད་པས་བདེ་ཆེན་རྫོང་ནགས་ལས་ཅུས་ཀྱི་སྟར་ཀའི་ཐོན་ལས་གཞུང་ལས་ཁང་ནས་ཤེས་གསལ་བྱུང་བ་ལྟར།ད་ལོར།རྫོང་འདིས་དཔེ་སྟོན་གནས་གཞི42སྣོན་འཛུགས་བྱ་རྒྱུ་རེད།“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ།རྫོང་འདིས་སྟར་ཀ་མུའུ་ཁྲི10འདེབས་པ་དང་།ལོ་རེར་ཤུན་མཐུག་སྟར་ཀ་མུའུ་ཁྲི2ལེགས་བཅོས་བྱ་རྒྱུའི་འཆར་གཞི་འགོད་རྒྱུ།འཆར་གཞི་ཡོངས་ལ་གནས་གཞིར་འདེབས་པ་དང་། མྱུག་འདེབས་ལས་གྲྭ  ཆུ་བེད་བཀོད་སྒྲིག  གནོད་ལྡན་སྐྱེ་དངོས་ལ་སྔོན་འགོག་བྱེད་པ།ཚོང་ར་འཁོར་རྒྱུག་བྱེད་པ།ཐོན་རྫས་ཀྱི་སྤུས་ཚད་ཁག་ཐེག་བྱེད་པའི་མ་ལག་དང་སྤུས་ཚད་ཀྱི་ཞིབ་དཔྱད་སོགས་ནང་དོན་ཁག8་བགོ་རྒྱུ་ཡིན་ཞིང་སྤྱིའི་མ་དངུལ་སྒོར་ཁྲི37436ལ་ཟིན་རྒྱུ་རེད།