དེ་སྔའི་རིབ་མའི་ཁང་པ་དེ་ད་ལྟར་སོ་ཕག་གི་ཁང་པར་བསྒྱུར་པ།

རྩོམ་པ་པོ།   ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་རྫོང་ལུའོ་ཅི་ཤང་རྒྱབ་ལུང་གྲོང་སྡེར་བཅར་འདྲི་ཞུ་དུས།གསར་འགྱུར་ར་ཆེས་མྱོང་ཚུར་ཟབ་པོ་ཞིག་བྱུང་བ་ནི་ས་ཆ་འདིའི་དབྱི་རིགས་མི་དམངས་ཀྱི་དེ་སྔའི་རིབ་མའི་ཁང་པ་དེ་ད་ལྟར་སོ་ཕག་གི་ཁང་པར་བསྒྱུར་པ་དེ་རེད།
 གསར་འགྱུར་བ་གྲོང་སྡེ་དེའི་ཡུལ་མི་ཀྲུའུ་ཀྲེང་གི་ཁང་པར་སྐྱོད་པ་ན་ཨར་འདམ་གྱི་འགྲོ་ལམ་ཞིག་ཁང་པའི་སྒོ་ཆེན་ཁར་བསྲིངས་ཡོད་པ་མཐོང་།ན་ནིང་གསར་བཟོ་བྱས་པའི་གཙང་ཞིང་དྲ་འགྲིག་པོའི་ཁང་པའི་ནང་དུ་ད་དུང་ཉི་འོད་ནུས་པའི་འཕྲུལ་ཆས་སོགས་ཀྱི་རྣམ་པ་གསར་པའི་ནུས་ཁུངས་འཕྲུལ་ཆས་བཀོད་སྒྲིག་བྱས་འདུག   ཀྲུའུ་ཀྲེང་གིས་དེ་སྔར་གྲོང་སྡེ་འདིའི་དབྱི་རིགས་ཡུལ་མི་ཀུན་རིབ་མའི་ཁང་པར་བསྡད་དགོས་ཤིང་ཆ་རྐྱེན་ལེགས་པའི་དུད་ཁ་འགའ་ཞིག་མ་གཏོགས་ཨར་འདམ་གྱི་ཁང་པ་ཐོག་གཅིག་མར་སྡོད་ཐུབ་ཀྱི་མ་རེད།ད་ལྟར།ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བྱས་པ་དང་ཐུགས་ཁུར་བྱས་པའི་འོག   གྲོང་ཡོངས་ཀྱི་ཁྱིམ་ཚང་མང་ཤོས་ཀྱིས་ཁང་པ་གསར་པ་བསྐྲུན་ཏེ་བདེ་ཞིང་སྐྱིད་པའི་ཁང་པར་སྡོད་ཀྱི་ཡོད།

     གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེང་ཀོན་ཆང་གིས་ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ནི་ལོ་རེ་ལས་ལོ་རེར་ཇེ་ལེགས་སུ་གྱུར་ཡོད་དེ།རིགས་སྣ་མང་པོའི་དམངས་ཕན་སྲིད་ཇུས་ཀྱིས་དབྱི་རིགས་མང་ཚོགས་ལ་ཏང་གི་དྲོ་སྐྱིད་ཉམས་སུ་མྱོང་བཅུག་པ་རེད་ཅེས་བཤད་པ་རེད།སྲིད་འཛིན་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡུའེ་ཧྲུའུ་ཐན་གྱིས།བདེ་སྡོད་ལས་གྲྭ་དང་ཕྱུགས་རིགས་སྤོ་འཚོའི་གཏན་སྡོད་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་།རྒྱབ་ལུང་གྲོང་སྡེའི་ཡུལ་མིས་རིབ་མའི་ཁང་པ་ལས་ཁ་གྱེས་ཐུབ་པ་རེད་ཅེས་ངོ་སྤྲོད་བྱས།