རང་ཁུལ་གྲོང་གསེབ་སྡོད་མིའི་ཡོང་འབབ་འཕར་ཚད་གྲོང་རྡལ་ལས་མགྱོགས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

         སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ན་ནིང་རང་ཁུལ་གྲོང་གསེབ་སྡོད་མིའི་ཡོང་འབབ་འཕར་ཚད་གྲོང་རྡལ་སྡོད་མིའི་ཡོང་འབབ་ལས་མགྱོ གས་པ། 
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཡུན་ནན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཞིབ་བཤེར་གཏན་འབེབས་ལྡོག་འདྲེན་བསྡོམས་གྲངས་ཀྱིས་སྟོན་པ་ལྟར། ཁུལ་ཡོངས་གྲོང་རྡལ་སྡོད་མིའི་མི་རེའི་བཀོད་སྒྲིག་བྱེད་ཆོག་པའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི 2 ལས་བརྒལ་བས། སྒོར 21534.8 ཟིན་པ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར 3030.2 དམའ་བ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར 460.3 མཐོ་བ། ན་ནིང་དུས་མཚུངས་ལས 10.4% འཕར་བ། གྲོང་རྡལ་སྡོད་མིའི་མི་རེའི་བཀོད་སྒྲིག་བྱེད་ཆོག་པའི་ཆ་སྙོམས་ཡོང་འབབ་ཀྱི་དངོས་གྲངས་ངེས་པ་ཅན་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར 16 གི་ཨང 3 པ་སླེབས་པ། རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུ་རུ་ཨང་དང་པོ་སླེབས་པ། ལོ་ཡོངས་སུ་གྲོང་གསེབ་སྡོད་མིའི་མི་རེའི་དངོས་བྱུང་ཡོང་འབབ་ལ་སྒོར 4769.1 ཡིན་ཏེ། རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་སྒོར 3147.9 དམའ་བ་དང་། ཞིང་ཆེན་ཡོངས་གྱི་ཆ་སྙོམས་ཆུ་ཚད་ལས་སྒོར 647.4 དམའ་བ། ན་ནིང་དུས་མཚུངས་ལས་ 16.2% འཕར་བ། ཞིང་པའི་མི་རེའི་དངོས་བྱུང་ཡོང་འབབ་ཀྱི་དངོས་གྲངས་ངེས་པ་ཅན་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར16གི་ཨང12པ་སླེབས་པ་དང་། རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུ་རུ་ཨང5པ་སླེབས་པ། འཕར་ཚད་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར16གི་ཨང་12སླེབས་པ་དང་། རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུ་རུ་ཨང 9 པ་སླེབས་པ། གྲོང་གསེབ་སྡོད་མིའི་ཡོང་འབབ་ཀྱི་འཕར་ཚད་གྲོང་རྡལ་ལས་མགྱོ གས་པ། གྲོང་གསེབ་དང་གྲོང་རྡལ་གྱི་ཡོང་འབབ་ཀྱི་བར་ཆད་རེ་བཞིན་ཆུང་བ། གྲོང་གསེབ་དང་གྲོང་རྡལ་ཡོང་འབབ་ཀྱི་བསྡུར་ཚད་ལ2011ལོའི4.8:1ནས4.5:1མར་བབས་པ་རེད།
         ན་ནིང་ལོར། རང་ཁུལ་རིམ་པ་སོ་སོའི་སྲིད་གཞུང་དང་ཞིང་ལས་གཙོ་སྐྱོང་སྡེ་ཁག་གིས་ཞིང་པའི་ཡོང་སྤར་དང་ཞིང་ལས་ཕན་འཕར་ལྟེ་བར་བྱས་ཏེ། “མང་ཚོགས་བཞིའི” སློབ་གསོ་སྤེལ་བའི་གོ་སྐབས་འཛིན་ནས། ཏན་ཏིག་ངང་ཞིང་ལས་ཐོན་སྤེལ་གྱི་བྱ་ཐབས་ལག་བསྟར་བྱས་པ་དང་། ཧུར་ཐག་གིས་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་བརྟན་ཞིང་མགྱོ གས་ཙམ་གོང་དུ་འཕེལ་བར་སྐུལ་མ་གཏོང་བ། ཁུལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད 2005 ལོ་ནས་བཟུང་མུ་མཐུད་ལོ་བརྒྱད་དུ་ལོ་ལེགས་ཐོབ་པ། བསྡོམས་རྩིས་བྱེད་པར་ལྟར། ན་ནིང་ཁུལ་ཡོངས་སུ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཕྱུགས་ལས། ཉ་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཁྲི 14799 ཟིན་ཏེ། དུས་མཚུངས་ལས 7.53% འཕར་བ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ལ་ཏུན་ཁྲི 17.06 ཟིན་ཏེ། དུས་མཚུངས་ལས4.5%འཕར་བ། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ལ་ཏུན་ཁྲི2.8ཟིན་ཏེ། དུས་མཚུངས་ལས6.05%འཕར་བ།