སེམས་ཀྱི་ཉི་ཟླ་རྫོང་གིས་འགྲིམ་འགྲུལ་རྣམ་གྲངས་ལ་སྒོར་དུང་ཕྱུར་10.3བཏང་བ།

རྩོམ་པ་པོ།   བློ་བཟང་ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

         སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2012 ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་འགྲིམ་འགྲུལ་འཕེལ་རྒྱས་འཆར་གཞིར་གཞིགས་ནས། ཤུགས་ཆེས་འགྲིམ་འགྲུལ་འཛུགས་བསྐྲུན་ལ་སྐུལ་སྤེལ་བཏང་ནས། གྲོང་ཁྱེར་གྱི་འགྲིམ་འགྲུལ་གནས་བབ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། ལོ་གཅིག་གི་རིང་དུ། རིམ་བསགས་ཀྱིས་རྩིས་པར་འགྲིམ་འགྲུལ་རྣམ་གྲངས་ལ་སྒོར་དུང་ཕྱུར་10.3བཏང་བ་རེད། 
        ངོ་སྤྲོད་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་གིས་བདེ་བླག་ངང་སི་ཁྲོན་དང་ཡུན་ནན་བར་གྱི་བརྒྱུད་ལམ་དང་། སེམས་ཀྱི་ཉི་ཟླ་དང་མུ་ལི་བར་གྱི་གཞུང་ལམ། ཞིང་གྲོང་གི་གཞུང་ལམ། སྲིད་འཛིན་གྲོང་ཚོར་བཟོས་བའི་སྣུམ་ལམ།རྒྱལ་ལམ་ 214 སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་རྣམ་གྲངས་སྤེལ་བ་རེད།
        འགྲིམ་འགྲུལ་ལམ་མི་བདེ་བ་དང་། དཀའ་གནད་ཅུང་མང་བའི་གནས་བབ་ལ་གཏད་ནས། སེམས་ཀྱི་ཉི་ཟླ་རྫོང་གིས་ཤུགས་ཆེས་བཅོས་བསྒྱུར་ཁག་སྤེལ་ནས། འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཆེད་དུ་སྒུལ་ཤུགས་དང་གསོན་ཤུགས་དྲག་པོ་མཁོ་སྤྲོད་བྱས། རྣམ་གྲངས་འཛུགས་སྐྲུན་ཁྲོད། དོ་དམ་ནན་ཏན་བྱས་ཤིང་། རྨང་གཞིའི་འཛུགས་སྐྲུན་གྱི་གོ་རིམ་ལྟར་ལས་ཀ་སྒྲུབ་ནས། ནན་ཏན་གྱིས་རྣམ་གྲངས་ཀྱི་རྗེས་འདེད་བཤེར་རྩིས་བྱས་པ་དང་། བཅོས་བསྒྱུར་གསར་འབྱེད་བྱས་པར་བརྟེན་ནས། འཛུགས་སྐྲུན་མ་གནས་བསྲི་ཚགས་བྱས་པ་དང་། ཨར་ལས་ཀྱི་འགྲོ་གྲོན་ཉུང་དུ་བཏང་བའི་དུས་མཚུངས་སུ། རྫོང་དེས་འབད་བརྩོན་གྱིས་འགྲིམ་འགྲུལ་སྐོར་གྱི་མ་དངུལ་གྲབས་གསོག་དང་བཏང་འཇོག་སྐོར་ལ་བཅོས་བསྒྱུར་བཏང་བ། སུ་ལ་ཕན་ན་སུས་མ་དངུལ་གཏོང་རྒྱུའི་རྩ་དོན་ལྟར། ཧུར་ཐག་གིས་མ་དངུལ་གྲབས་གསོག་འཛུགས་བསྐྲུན་རྣམ་གྲངས་ལ་སྣེ་ཁྲིད་བྱས་པ་རེད།