ཧྲང་ཅང་ཤང་གིས་སྟར་ཀའི་ཐོན་ལས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།མིག་སྔ་ནི་སྟར་ཀ་འདེབས་པའི་དུས་ཚིགས་ཡག་པོ་ཞིག་ཡིན་ཏེ།ཧྲང་ཅང་ཤང་གིས་ཕྱོགས་ཡོངས་ནས་2013ལོའི་སྟར་ཀ་འཛུགས་པའི་འཆར་གཞི་ལག་ལེན་བྱས་ཏེ།ཤང་འདིས་ད་ལོར་སྟར་ཀ་འདེབས་པའི་རྒྱ་ཁྱོན་མུའུ་500གསར་སྣོན་བྱས་དང་།རྒྱ་ཁྱོན་མུའུ་2000ལ་ཁ་གསབ་འདེབས་འཛུགས་བྱས་ཤིང་།སྟར་ཀའི་མྱུ་གུ་62500བཙུགས་པ་རེད།མིག་སྔར།ཧྲང་ཅང་ཤང་གི་ཞིང་ཁ་དང་མུ་ཁ་ལ་སྟར་ཀ་འཛུགས་པར་བྲེལ་བའི་གནས་ཚུལ་བྱུང་ཡོད།  
       ཤེས་གསལ་བྱུང་དོན།ཤང་འདིས་སྟར་ཀའི་ཐོན་ལས་གོང་སྤེལ་གཏོང་བ་ནི་ཤང་ཡོངས་ཀྱི་བྱ་ཐབས་ཆེན་པོ་ཞིག་ཏུ་བཟུང་ནས།འབད་བརྩོན་གྱིས་དཔེ་སྟོན་ས་ཚིགས་རྒྱ་སྐྱེད་དང་ཤུགས་སྣོན་རྒྱག་ཆེད།ཤང་འདིས་སྟར་ཀའི་ཐོན་ལས་གོང་སྤེལ་གྱི་འགག་རྩ་སོ་སོ་དམ་འཛིན་བྱས་ཏེ།དུས་ཐོག་ཏུ་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ཤིང་།དུས་མཚམས་སུ་དྲིལ་བསྒྲགས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས།ནགས་ལས་བྱེད་སའི་ལས་བྱེད་མི་སྣ་ཡུལ་མི་ཚོ་ཆུང་དུ་སླེབས་ཤིང་མང་ཚོགས་ལ་རྩ་འཛུགས་བྱས་ནས་སྐུལ་སློང་གི་གྲོས་ཚོགས་འཚོགས་པ་དང་།ནག་པང་ཚགས་པར་འདོན་པ་སོགས་བྱ་ཐབས་སྤྱད་ནས།ཐོན་ལས་གོང་སྤེལ་ལ་ཁོར་ཡུག་ཡག་པོ་ཞིག་བཙུགས་ཏེ།མང་ཚོགས་ཀྱི་ཉེ་འཁོར་དུ་ཐོབ་པའི་དཔལ་འབྱོར་ཕན་ནུས་ཀྱི་དཔེ་བརྗོད་སྤྱད་དེ་སྣེ་ཁྲིད་བྱས་ནས།མང་ཚོགས་ཀྱི་བློ་སྒོ་འབྱེད་པ་རེད།གཞན་ཡང་།ནགས་ལས་བྱེད་སའི་ལས་བྱེད་པས་ད་དུང་གཅིག་བསྡུས་ངང་ཡུལ་གཅིག་ཏུ་འབྲེལ་ནས། ཧྲིལ་པོས་སྐུལ་འདེད་གཏོང་བའི་རྩ་དོན་ལ་གཞིགས་ནས།དམངས་ཕན་སྲིད་ཇུས་སོ་སོ་ཞིང་ཁ་དང་མུ་ཁར་དོན་འཁྱོལ་བྱས་པ་རེད། 
       འདེབས་འཛུགས་ལག་རྩལ་ཞབས་འདེགས་སློབ་ཁྲིད་ཀྱི་ཐད་ལ།ནགས་སྐྱོང་ཞིང་པས་སྟར་ཀ་འཛུགས་པར་ནགས་ལས་བྱེད་སའི་ལས་བྱེད་པའི་ས་ཆ་ཡུག་སྦྲེལ་གྱི་བགོ་བཤའ་རྒྱག་པར་གཞིགས་ནས།ཞིང་ཁ་དང་མུ་ཁའི་ཡུལ་དངོས་སུ་ནགས་སྐྱོང་ཞིང་པ་ལ་སྟར་ཀ་འདེབས་འཛུགས་ཀྱི་ལག་རྩལ་འགྲེལ་བཤད་བརྒྱབ་པ་དང་།རྒྱུན་མཐུད་དུ་སྟར་ཀ་འདེབས་འཛུགས་ཀྱི་ཚད་གཞི་དྲུག་དོན་འཁྱོལ་བྱས་པ།སྔར་ལས་ལྷག་པར་སྟར་ཀ་འདེབས་འཛུགས་ཀྱི་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ།རྒྱ་ཁྱོན་ཆེན་པོར་ཡུག་གཅིག་ཏུ་འབྲེལ་བའི་ངང་འདེབས་པའི་སྟར་ཀ་ལ་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་དོ་དམ་སྲུང་སྐྱོང་བྱས་ཏེ།རིམ་བཞིན་སྡེབ་བཀྲམ་དོ་དམ་ནས་ལེགས་བསྡུས་དོ་དམ་དུ་གཏོང་བར་མངོན་འགྱུར་བྱུང་ཡོད་པ་རེད།