གསར་སྤེལ་ཁུལ་གྱིས་སྤྱི་ཚོགས་གཏན་འཇགས་མ་རྩ་སྒོར་དུང་ཕྱུར4བཏང་བ།

རྩོམ་པ་པོ།    ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ན་ནིང་།བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ས་ཁུལ་ཏང་ཨུ་དང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཡོངས་ཀྱི་གཙོ་སྙིང་ལས་དོན་ལ་དམ་དུ་དམིགས་ཤིང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ལེན་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ།ཏང་འཛུགས་དང་ཐོན་ལས་འཛུགས་སྐྲུན།སྒྲིག་གཞིའི་འཛུགས་སྐྲུན།སྒྲིག་སྲོལ་འཛུགས་སྐྲུན།ཁོར་ཡུག་འཛུགས་བསྐྲུན།རང་ངོས་འཛུགས་སྐྱོང་བཅས་འཛུགས་བསྐྲུན་ལས་གཞི་ཆེན་པོ་ཁག་དྲུག་ཧུར་ཐག་གིས་སྐུལ་སྤེལ་བཏང་བ་དང།བཟོ་ལས་དཔལ་འབྱོར་གྱི་རྒྱུན་མཐུད་མྱུར་སྤེལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་ནས།ཚོང་འགུག་དངུལ་འདྲེན་དང་ཞིང་གྲོང་གསར་པའི་འཛུགས་བསྐྲུན་སྐུལ་སྤེལ་ནུས་ལྡན་བྱས།ཐོན་སྐྱེད་ནུས་ཤུགས་སྒྲིག་བཀོད་སྔར་བས་ལེགས་བསྒྱུར་བྱས།ནོར་ཁུངས་འཛུགས་སྐྲུན་གསོ་སྤེལ་དང་དར་འཕེལ་ཆེར་སྐྱེད་བཏང་།ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཤུགས་ཚད་ཆེ་རུ་བསྐྱེད་ནས།གསར་སྤེལ་ས་ཁུལ་བདེ་འཇགས་ཞི་མཐུན་ཅན་གྱི་འཛུགས་བསྐྲུན་བྱེད་རིམ་སྐུལ་སྤེལ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མྱུར་བའི་དར་འཕེལ་གནས་བབ་མུ་མཐུད་ནས་མངོན་ཡོད། 
    ན་ནིང་སྤྱི་ཚོགས་ཡོངས་གྱི་གཏན་འཇགས་མ་དངུལ་སྒོར་ཁྲི 39599 བཏང་ནས་ལེགས་འགྲུབ་བྱུང་བ་དང་།  ལོ་འགོར་འཆར་འགོད་བྱས་པའི་སྒོར་ཁྲི་ 39162 ཀྱི 101% ལེགས་འགྲུབ་བྱུང་བ་རེད།ཁུལ་ཕྱི་རོལ་གྱི་མ་དངུལ་སྒོར་ཁྲི 90862 དངོས་སུ་ལག་འབྱོར་བྱུང་སྟེ་ཁུལ་སྲིད་གཞུང་གི་དམིགས་ཚད་ལས་འགན་སྤྱི་ཚད་སྒོར་མོ་དུང་ཕྱུར་བདུན་གྱི 130% ལེགས་འགྲུབ་བྱུང་།གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སྤེལ་ཚད་སྒོར་དུང་ཕྱུར 4.5 ལེགས་འགྲུབ་བྱུང་ལ།ཐོན་སྐྱེད་སྤྱི་ཚད་སྒོར་དུང་ཕྱུར་སོ་ལྔ་ལེགས་འགྲུབ་བྱུང་ཞིང་ནོར་སྲིད་སྤྱིའི་ཡོང་འབབ་སྒོར་ཁྲི25647དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6133ལེགས་འགྲུབ་བྱུང་སྟེ16.5%འཕར་ཡོད།