ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བདེ་བླག་ངང་གོང་དུ་འཕེལ་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

          སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2012 ལོར་ཁུལ་ཡོངས་ཀྱི་བཟོ་ལས་མ་ལག་གིས་ལོ་མགོར་གོང་ནས་སྤྲད་པའི་དམིགས་འབེན་ལ་དམ་པོ་དམིགས་ཏེ། ཏན་ཏིག་ངང་འཁོར་སྐྱོད་ལྟ་སྐུལ་དབྱེ་ཞིབ་གཙོ་འཛིན་བྱས་པ་དང་། རྒྱུ་རྐྱེན་གཙོ་བོའི་མཉམ་འབྲེལ་འགན་སྲུང་ཤུགས་ཆེར་བཏང་བ། བྱ་ཐབས་ནུས་ཡོད་སྤེལ་ནས། དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཁྲོད་དུ་བྱུང་བའི་དཀའ་ངལ་རྣམས་ཐག་བཅད་པ་དང་སེལ་བར་བྱས་པས། བཟོ་ལས་དཔལ་འབྱོར་བདེ་བླག་ངང་གོང་དུ་འཕེལ་ཡོད་པ་རེད།
         ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱིས་མཁོ་འདོན་བྱས་པའི་གཞི་གྲངས་ཀྱིས་མཚོན་པ་ལྟར་ན། 2012 ལོར། ཁུལ་ཡོངས་ཀྱི་བཟོ་ལས་སྤྱིའི་ཐོན་ཚད་རིན་ཐང་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར 52.2 ཟིན་ཡོད་པ་དང་། དུས་མཚུངས་ལས 21.68% འཕར་ཡོད། ཁུལ་སྲིད་གཞུང་གིས་སྤྲད་པའི་དམིགས་འབེན་སྒོར་དུང་ཕྱུར 52 ཀྱི 100.3% ལེགས་འགྲུབ་བྱུང་བ་རེད། བཟོ་ལས་འཕར་བའི་རིན་ཐང་སྒོར་དུང་ཕྱུར 24.52 ཟིན་ཡོད་པ་རེད། དུས་མཚུངས་ལས་ 16% འཕར་ཡོད་པ་རེད། ཁུལ་སྲིད་གཞུང་གིས་སྤྲད་པའི་དམིགས་འབེན་གྱི 84.55% འགྲུབ་པ། སྔོན་རྩིས་བྱས་པ་ལྟར་ན་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་གཙོ་གཉེར་བྱེད་སྒོའི་ཡོང་འབབ་སྒོར་དུང་ཕྱུར 30 ཟིན་ཡོད། དུས་མཚུངས་ལས 11.11% འཕར་བ། ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དམིགས་འབེན་གྱི 100% འགྲུབ་པ། བཟོ་ལས་འཕར་བའི་རིན་ཐང་སྒོར་དུང་ཕྱུར 16 ཟིན་པ། དུས་མཚུངས་ལས 13% འཕར་ཡོད།  ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དམིགས་འབེན་གྱི 100% འགྲུབ་པ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར 2.5 མངོན་འགྱུར་བྱུང་བ་རེད། ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དམིགས་འབེན་ལས་འགན་སྒོར་དུང་ཕྱུར 6 ཡིན་པའི་ 41.67% ལེགས་འགྲུ བ་བྱུང་ཡོད། ཁེ་བཟང་སྒོར་དུང་ཕྱུར 0.4 མངོན་འགྱུར་བྱུང་ཞིང་། ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དམིགས་འབེན་ལས་འགན་སྒོར་དུང་ཕྱུར3.8ཀྱི10.5%འགྲུབ་ཡོད་པ་རེད།