སེམས་ཀྱི་ཉི་ཟླ་རྫོང་གིས་བཟོ་ལས་ཅན་དཔེ་གསར་མགྱོ གས་པོ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།    སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ད་ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་གོམ་གང་མདུན་སྤོས་ཀྱིས་བཟོ་ལས་ཅན་དཔེ་གསར་མགྱོ གས་པོ་གཏོང་རྒྱུ། དཔལ་འབྱོར་སྒྲིག་གཞི་འགྱུར་བ་དང་རིམ་པ་འཕར་བར་གོམ་པ་དེ་བས་ཆེན་པོ་སྤོས་རྒྱུ་རེད།

        ངོ་སྤྲོད་བྱས་པར་ལྟར། ད་ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་གཅིག་ནི “བཀག་སྡོམ་ས་ཁུལ” སེལ་བའི་རྨང་གཞིའི་ཐོག་ཕུ་ལམ་དུས་སྐབས་དང་པོའི་ལས་གྲྭའི་འཛུགས་སྐྲུན་མགྱོ གས་པོ་གཏོང་རྒྱུ། གཉིས་ནི་གོམ་གང་མདུན་སྤོས་ཀྱིས་ཧྭ་ཞི་དང་། ཧུང་ཞིང་། ཧྲིན་ཁྲུན། ཞུའེ་ཅི་ཕིན་བཅས་ཁེ་ལས་བཞི་ལ་སྐུལ་སྤེལ་གཏོང་རྒྱུ། གསུམ་ནི་ཤུགས་ཡོངས་ཀྱིས་ཧུང་ནིའུ་དང་ཏིང་ལི་སོགས་ཁེ་ལས་ཀྱི་ཞབས་ཞུ་དང་མཉན་འབྲེལ་ལས་ཀ་ཡག་པོ་སྒྲུབ་རྒྱུ། བཞི་ནི་སྡེ་ཁུལ་འཛུགས་སྐྲུན་གྱི་དུས་སྔོན་ལས་ཀ་རྣམ་གྲངས་མགྱོ གས་པོར་གཏོང་བ་དང་། འཆར་གཞིའི་མ་ལག་འཐུས་སྒོ་ཚང་བ། ཤུགས་ཆེན་གྱིས་ཡིག་ཆའི་བཟོ་འགོད་དང་སྙན་སེང་བཀའ་འཁྲོལ་ཞུ་བར་ལེགས་འགྲུབ་བྱུང་བ། ལྔ་ནི་མུ་མཐུད་དུ་གཏིང་ཟབ་ཀྱིས་གཏེར་རྫས་ཐོན་ཁུངས་ཀྱི་གསར་གཏོད་སྒྲིག་ལམ་ལེགས་སྒྲིག་དང་ཚད་གཞི་ཅན་དུ་གཏོང་རྒྱུ། དྲུག་ནི་ཤུགས་ཡོངས་ཀྱིས་ཆིན་ཁའུ་ཁྱད་ཆོས་ལྡན་པའི་ཐོན་ལས་ས་ཁུལ་གྱི་ས་ཆ་བསྡུ་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་མདུན་དུ་སྤེལ་བ། མ་དངུལ་སྒོར་དུང་ཕྱུར 1 འཇོག་ནས་སྡེ་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་སྤྱི་ལེ 5.5 ལེགས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་ཁྲི2400འཇོག་ནས་ཚད་ལྡན་བཟོ་ཁང་གི་འཛུགས་སྐྲུན་ལས་འགན་སྨི་གྲུ་བཞ ི་2000ལེགས་འགྲུབ་བྱུང་རྒྱུ། བདུན་ནི་མུ་མཐུད་དུ་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱོད་པའི་སྐུལ་སྤེལ་ལས་ཀ་ཡག་པོ་སྒྲུབ་རྒྱུ་བཅས་རེད།