ནུབ་རྒྱུད་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་གྱི་ལས་བྱེད་པ་240པེ་ཅིང་དུ་ག་སྦྱར་སྦྱོང་བརྡར་དུ་བསྐྱོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཀྲུང་དབྱང་རྩ་འཛུགས་པུའུ་དང་།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་སྤེལ་བའི་2013ལོའི་ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་གྱི་ག་སྦྱར་སྦྱོང་བརྡར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚེས་26ཉིན་པེ་ཅིང་དུ་གཉེར་འགོ་ཚུགས་ཤིང་།ཞིང་ཆེན་དང་རང་སྐྱོང་ལྗོངས་17དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་ནས་ཡོང་བའི་ལས་བྱེད་པ་253གསོ་སྦྱོང་ནང་ཞུགས་པ་རེད།དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་ནང་ཞུགས་རྗེས་ཁོང་ཚོ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་88དུ་ཁག་སོ་སོར་བསྐྱོད་དེ་དུས་ཡུན་ལོ་གཅིག་གི་ག་སྦྱར་སྦྱོང་བརྡར་བྱ་རྒྱུ་རེད།
        ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་གྱི་ལས་བྱེད་པ་ཀྲུང་དབྱང་ཚན་པ་དང་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་དུ་ག་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱ་རྒྱུ་ནི་ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་བྱ་ཐབས་གལ་ཆེན་ཞིག་རེད།ལས་དོན་དེ་1990ལོར་འགོ་ཚུགས་པ་ནས་2012ལོའི་བར་ལས་བྱེད་པ་6455ག་སྦྱར་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།