རྒྱལ་ཡོངས་ཀྱི་རྨོ་ཞིང་མུའུ་དུང་ཕྱུར་1.1ལ་ཐན་པ་བསྟན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        གསར་འགོད་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཟླ་གསུམ་པ་ནས་བཟུང་རང་རྒྱལ་གྱི་བྱང་ཕྱོགས་ཀྱི་དགུན་གྲོ་ཐོན་ཁུལ་གཙོ་བོར་ཆར་ཆུ་མུ་མཐུད་ཉུང་དུ་ཕྱིན་པ་དང་།གནམ་གཤིས་མངོན་གསལ་དོད་པོས་དྲོ་རུ་ཕྱིན་པ།ཞིང་ཁའི་བཞའ་ཚན་ཤོར་མགྱོ གས་སུ་བཅས་ཕྱིན་པས་ཧོ་པེ་དང་།ཧྲན་ཤིས།ཧྲན་ཏུང་།ཧོ་ནན་སོགས་ཞིང་ཆེན་གྱི་ཐན་སྐྱོན་ཆེ་རུ་ཕྱིན་པ་དང་།ལྷོ་ནུབ་ཀྱི་ས་ཁུལ་མང་ཆེ་བ་དང་འབྲི་ཆུའི་བར་རྒྱུད་ས་ཁུལ་ལ་ཆར་པ་འབབ་མི་ཐུབ་པ།ཡུན་ནན་དང་།ཁྲུང་ཆིང་།ཧུའུ་པེ་སོགས་ཞིང་ཆེན་ལ་ཐན་པ་མུ་མཐུད་བསྟན་པའམ་ཡང་ན་ཐན་པ་བསྟན་ཤུགས་ཆེ་རུ་བཅས་ཕྱིན་ཡོད་པ་རེད།
        རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་གི་བསྡོམས་རྩིས་གཞིར་བཟུང་ཟླ་3ཚེས་25ཉིན་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་མུའུ་དུང་ཕྱུར་1.1ལ་ཐན་པ་བསྟན་པ་དེའི་ནང་ལོ་ཏོག་མུའུ་ཁྲི་4707ལ་ཐན་པ་བསྟན་པ་དང་།མི་ཁྲི་575དང་ཕྱུགས་རིགས་མགོ་གྲངས་377ནི་ཐན་པ་བསྟན་པའི་རྐྱེན་གྱིས་འཐུང་ཆུ་དཀོན་པོར་གྱུར།ཟླ་གཅིག་ཙམ་རིང་བྱང་ཕྱོགས་ཀྱི་དགུན་གྲོ་ཐོན་ཁུལ་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཐན་པ་བསྟན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
        ཛ་དྲག་པའི་ཐན་པའི་གནས་ཚུལ་ལ་དམིགས་ནས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་དུས་འགོར་ལས་དོན་ཚོགས་ཆུང་བཞི་ཡུན་ནན་དང་།སི་ཁྲོན།ཧྲའན་ཤིས།ཀན་སུའུ་བཅས་ཞིང་ཆེན་བཞི་ལ་བཏང་བའི་རྨང་གཞིའི་ཐོག་ཉེ་ཆར་སླར་ཡང་ལས་དོན་ཚོགས་ཆུང་ལྔ་ཧོ་པེ་དང་།ཧྲན་ཤིས།ཧྲན་ཏུང་།ཧོ་ནན།ཧུའུ་པེ།ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)དྲུག་གི་ཐན་སྐྱོན་ཚབས་ཆེ་ཁུལ་དུ་ཐན་འགོག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་པར་བཏང་ཡོད་པ་རེད།