ནོར་སྲིད་པུས་སྤྱི་ཚོགས་ལ་2013ལོའི་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ཡོངས་བསྒྲགས་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཚེས་25ཉིན་ནོར་སྲིད་པུས་སྤྱི་ཚོགས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གྲོས་ཞིབ་གྲོས་འཆམ་བྱས་པའི་2013ལོའི་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ཡོངས་བསྒྲགས་བྱས་ཤིང་།ད་ཐེངས་ཡོངས་བསྒྲགས་བྱས་པའི་ནང་དོན་ནི་ཀྲུང་དབྱང་གི་ནོར་སྲིད་གཏོང་ཡོང་གི་སྔོན་རྩིས་དང་།ཀྲུང་དབྱང་གིས་ས་གནས་ཀྱི་ཁྲལ་འཇལ་ཕྱིར་ལོག་དང་གཞན་སྒྱུར་གཏོང་སྤྲོད་བྱ་རྒྱུའི་སྔོན་རྩིས།སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་ཡོང་གི་སྔོན་རྩིས།ཀྲུང་དབྱང་གི་གཞུང་ཁུངས་མ་རྩ་གཉེར་སྐྱོང་གི་གཏོང་ཡོང་སྔོན་རྩིས་སོགས་དང་འབྲེལ་བ་ཡོད་པའི་ཁྱོན་རེའུ་མིག་16དང་གསལ་བཤད་ཡོད་པ་རེད།
        ཉེ་བའི་ལོ་ཤས་རིང་ནོར་སྲིད་ཀྱི་མ་དངུལ་ཕྱིར་མངོན་ཚད་ཆེ་རུ་གཏོང་ཕྱིར་ནོར་སྲིད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་མང་དུ་བཏང་ཡོད།2009ལོར་ནོར་སྲིད་པུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆོག་མཆན་ཐོབ་པའི“ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་འབབ་སྔོན་རྩིས་རེའུ་མིག”སོགས་ཀྲུང་དབྱང་ནོར་སྲིད་ཀྱི་སྔོན་རྩིས་རེའུ་མིག་4ཐོག་མར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་རེད།རྨང་གཞི་དེའི་ཐོག་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་རེའུ་མིག་ལོ་ལྟར་ཡོངས་བསྒྲགས་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་བ་དང་ཀྲུང་དབྱང་གི་རིམ་མཚུངས་གཏོང་ཡོང་གི་སྔོན་རྩིས་རེའུ་མིག་དང་དེ་བཞིན་ཀྲུང་དབྱང་གིས་ས་གནས་ཀྱི་ཁྲལ་འཇལ་ཕྱིར་ལོག་དང་གཞན་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་རེའུ་མིག་དེ“དངུལ་གྲངས”བར་ཞིབ་ཚགས་སུ་བཏང་ཡོད་པ་རེད།
        ད་ལོ་ཡོངས་བསྒྲགས་བྱས་པའི་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་རེའུ་མིག་ལ་བལྟས་ན་སྤྱི་དམངས་ཀྱིས་ད་ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་དངུལ་གང་ནས་བྱུང་བ་དང་ཕྱོགས་གང་གི་ཐད་བེད་སྤྱོད་གཏོང་གི་ཡོད་པ་སྔར་བས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།