རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཚེས་26ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་།ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་བྱེད་པ་དང་སྲིད་གཞུང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྱོང་ཐད་བླང་བྱ་བཏོན་པ་དང་2013ལོའི་སྲིད་གཞུང་གི་རུལ་རྒོལ་གཙང་སྤེལ་ལས་དོན་བཀོད་སྒྲིག་བྱས་པ་རེད།
        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།
        ཚོགས་འདུའི་ཐོག་དབང་ཆ་གཅིག་སྡུད་ཆེ་དྲགས་པ་མ་ཟད།ནུས་ལྡན་ངང་ལྟ་སྐུལ་བྱེད་མི་ཐུབ་པ་དེ་ནི་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ཐོན་པ་དང་མཆེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།རིམ་ཁག་སྡེ་ཚན་ཁག་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་རུལ་རྒོལ་གཙང་སྤེལ་གྱི་སློབ་གསོ་དང་སྲིད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་མིག་དཔེ་སྟོན་དགོས།མིག་སྔར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་བསྒྱུར་རྒྱུའི་ཇུས་གཞི》ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་འགན་ནུས་ཚན་རིག་དང་མཐུན་པ་དང་།གྲུབ་ཆ་ལེགས་པ།སྤྱོད་གཙང་ཕན་འབྲས་ཆེ་བ།མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་སྲིད་གཞུང་མགྱོ གས་མྱུར་འཛུགས་དགོས་ཤིང་།གཅིག་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་ཉུང་དུ་གཏོང་བ་དང་ཚད་ལྡན་ཡོང་བ་བྱེད་པ་དང་།གཉིས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་དབང་ཆ་འཁོར་སྐྱོད་ལམ་ལུགས་ཚད་ལྡན་ཡོང་བ་བྱེད་པ།གསུམ་ནས་ནོར་སྲིད་མ་དངུལ་ཚད་ལྡན་དང་སྔོན་རྩིས་ལམ་ལུགས་སྒྱུར་བཅོས་བྱས་ཏེ་འགོག་སྲུང་འཛིང་རགས་ཡིན་པའི་སྔོན་རྩིས་ཀྱི་གཅུན་ནུས་ཆེ་རུ་གཏོང་བ།བཞི་ནས་སྲིད་དོན་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།ལྔ་ནས་གྲོན་ཆུང་བསྲི་ཚགས་ངང་སྲིད་སྐྱོང་བ།དྲུག་ནས་ཁྲིམས་ལྟར་སྲིད་གཙང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་དགའ་ཉེ་ཕྱོགས་ཞེན་མེད་པར་འགན་འཁྲི་རྩད་གཅོད་བྱས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་།སྤྱི་པའི་ཁེ་ཕན།སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཐག་གཅོད་ནན་པོ་བཅས་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།