ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

ཞིས་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།



       ཞིས་ཅིན་ཕིང་།ཕོ།རྒྱ་རིགས།1953ལོའི་ཟླ་6པར་འཁྲུངས།ཧྲའན་ཤིས་ཕུ་ཕིང་ནས་ཡིན་པ།1969ལོའི་ཟླ་དང་པོར་ལས་ཀར་ཞུགས།1974ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་གི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ཐོན་ནས་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།
       ད་ལྟ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་ཡོད།
       1969—1975ལོ་བར་ཧྲའན་ཤིས་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་དབྱིས་ཀུང་ཧྲེ་ལེང་ཅ་ཧོ་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་དང་ཏང་ཀྲི་པུའི་ཧྲུའུ་ཅི་གནང་།
       1975—1979ལོ་བར་ཆིང་ཧྭ་སློབ་ཆེན་རྫས་འགྱུར་བཟོ་ལས་ཚན་ཁག་གི་རྩ་བའི་སྐྱེ་ལྡན་འདྲེས་སྦྱོར་ཆེད་ལས་སུ་སློབ་སྦྱོང་གནང་།
       1979—1982ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་དང་ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གི་དྲུང་ཡིག(དམག་ཞབས་དངོས)གནང་།
       1982—1983ལོ་བར་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       1983—1985ལོ་བར་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲེང་ཏིང་རྫོང་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་དང་པོ་དང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་གནང་།
       1985—1988ལོ་བར་ཕུ་ཅན་ཞིང་ཆེན་ཤ་མོན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་གནང་།
       1988—1990ལོ་བར་ཕུ་ཅན་ཞིང་ཆེན་ཉིང་ཏེ་ས་ཨུད་ཀྱི་ཧྲུའུ་ཅི་དང་ཉིང་ཏེ་ཡན་ལག་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་གནང་།
       1990—1993ལོ་བར་ཕུ་ཅན་ཞིང་ཆེན་ཕུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཕུ་ཀྲོའུ་ཡན་ལག་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       1993—1995ལོ་བར་ཕུ་ཅན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་།ཕུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཕུ་ཀྲོའུ་ཡན་ལག་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       1995—1996ལོ་བར་ཕུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།ཕུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཕུ་ཀྲོའུ་ཡན་ལག་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       1996—1999ལོ་བར་ཕུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཕུ་ཅན་ཞིང་ཆེན་མཐོ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཧྲིའི་ཆབ་སྲིད་ཨུ་ཡོན་དང་པོ་གནང་།
       1999—2000ལོ་བར་ཕུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲེང་ཀྲང་དང་།ནན་ཅིང་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཕུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཕུ་ཅན་ཞིང་ཆེན་མཐོ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཧྲིའི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་གནང་།
       2000—2002ལོ་བར་ཕུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་དང་།ནན་ཅིང་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཕུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཕུ་ཅན་ཞིང་ཆེན་མཐོ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཧྲིའི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་གནང་།(1998—2002ལོ་བར་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་གི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་སུ་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་གནང་ནས་ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ)
       2002—2002ལོ་བར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲེང་ཀྲང་དང་།ནན་ཅིང་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
       2002—2003ལོ་བར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ལས་ཚབ་ཧྲེང་ཀྲང་དང་།ཀྲེ་ཅང་ཞིང་ཆེན་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ།ནན་ཅིང་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
       2003—2007ལོ་བར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།ཀྲེ་ཅང་ཞིང་ཆེན་དམག་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       2007—2007ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲང་ཧའེ་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་གནང་།
       2007—་2008ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞའོ་ཀྲང་བཅས་གནང་།
       2008—2010ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞའོ་ཀྲང་བཅས་གནང་།
       2010—2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞའོ་ཀྲང་བཅས་གནང་།
       2012—2013ལོ་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་གནང་།
       2013—ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་གནང་།
       སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་།སྐབས་བཅུ་དྲུག་པ་དང་།སྐབས་བཅུ་བདུན་པ།སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱུན་ཨུ།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་གནང་།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱུན་ཨུ།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་གནང་།སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས།སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་བྱས།སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་གནང་།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་བཞག་གནང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།