རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

ཀྲང་ཏེ་ཅང་གི་ལོ་རྒྱུས་མདོར་བསྡུས།


   ཀྲང་ཏེ་ཅང་།
       ཕོ།རྒྱ་རིགས།1946ལོའི་ཟླ་བཅུ་གཅིག་པར་འཁྲུངས།ལེའོ་ཉིང་ཐའེ་ཨན་ནས་ཡིན་པ། 1968ལོའི་ཟླ་བཅུ་གཅིག་པར་ལས་ཀར་ཞུགས། 1971ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁྲའོ་ཤན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་དཔལ་འབྱོར་ཚན་ཁག་ནས་ཐོན།སློབ་ཆེན་གྱི་སློབ་རྒྱུས་ལྡན།
       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་བཞིན་ཡོད།
       1968—1970ལོ་བར་ཅི་ལིན་ཞིང་ཆེན་དབང་ཆིང་རྫོང་ལུའོ་ཙེ་ཀའུ་ཀུང་ཧྲེ་ཐའེ་ཕིང་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་གནང་།
       1970—1972ལོ་བར་ཅི་ལིན་ཞིང་ཆེན་དབང་ཆིང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་ཚོགས་ཆུང་གི་ཀན་ཧྲི་དང་ལས་ཁུངས་ཀྱི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི་གནང་།
       1972—1975ལོ་བར་ཡན་པེན་སློབ་ཆེན་ཁྲའོ་ཤན་སྐད་ཡིག་ཚན་ཁག་ཏུ་ཁྲའོ་ཤན་སྐད་ཡིག་ཆེད་ལས་སློབ་སྦྱོང་གནང་།
       1975—1978ལོ་བར་ཡན་པེན་སློབ་ཆེན་ཁྲའོ་ཤན་སྐད་ཡིག་ཚན་ཁག་ཏུ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
       1978—1980ལོ་བར་ཁྲའོ་ཤན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་དཔལ་འབྱོར་ཚན་ཁག་ཏུ་སློབ་སྦྱོང་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་གྲྭ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་གནང་།
       1980—1983ལོ་བར་ཡན་པེན་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཞའོ་ཀྲང་གཞོན་པ་གནང་།
       1983—1985ལོ་བར་ཅི་ལིན་ཞིང་ཆེན་ཡན་ཅི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡན་པེན་ཀྲོའུ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཡན་ཅི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གཅིག་ལྕོགས་གནང་།
       1985—1986ལོ་བར་ཅི་ལིན་ཞིང་ཆེན་ཡན་པེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       1986—1990ལོ་བར་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       1990—1995ལོ་བར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཡན་པེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་གནང་།
       1995—1998ལོ་བར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       1998—2002ལོ་བར་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
       2002—2007ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
       2007—2008ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།
       2008—2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།
       2012—2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།
       2012—2013ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།
       2013—ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གནང་།
       སྐབས་བཅུ་བཞི་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་ལྔ་པ་དང་། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་གནང་།ན་ཧྭ་གསར་འགྱུར་ཁང་།