བདེ་ཆེན་གྱི་ཏན་སྤྲེའུ་སྤུ་སེར་གྱི་འབོར་གྲངས་འཕར་ནས་སྟོང་ཕྲག་ཅིག་ལྷག་ཟིན་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

 


 

         ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན།ཏན་སྤྲེའུ་སྤུ་སེར་དང་དོམ་ཁྲ་ནི་ “རྒྱལ་ཁབ་ཀྱི་ནོར་བུ” རུ་བཞག་པ་དང་།སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བསྟུན་ནས།གྲངས་ཚད་ཡང་ཇེ་མང་དུ་འཕར་བ་རེད། ཉེ་སྔོན།གསར་འགོད་པས་ཡུན་ནན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་གསལ་བྱུང་དོན།བདེ་ཆེན་གྱི་ཏན་སྤྲེའུ་སྤུ་སེར་སྔོན་མའི་300ལྷག་ནས་ད་ལྟའི་1000ལྷག་ཏུ་འཕར་ཏེ། འཛམ་གླིང་ཡོངས་ཀྱི་བསྡོམས་གྲངས་ཀྱི་60%ཟིན་ཡོད།
         ནགས་ལས་ཐིང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་ཚུལ་ལྟར་ན། འདི་ནི་ས་ཆ་དེ་གས་སྣོད་བཅུད་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་བ་དམ་པོ་ཡོད་དེ།བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་ཀྱི་ “རང་བྱུང་ནགས་ཚལ་གྱི་སྲུང་སྐྱོང་ལས་གྲྭ” ལ་བསྟུན་ནས། ནགས་བཟོ་ཁེ་ལས་ཀྱི་ལས་བྱེད་པ་2000ནི་ཤིང་གཅོད་མི་སྣ་ནས་ཤིང་འཛུགས་མི་སྣ་དང་།ནགས་སྲུང་མི་སྣར་གྱུར་ཞིང་།“སྟ་རེ་དང་སོག་ལེ་རི་ཁུལ་ནས་བབས་པ་དང་།རྐོ་མ་རི་ཁུལ་དུ་སྐྱོད་པར”བརྒྱུད་ནས།རི་བོ་རེ་རེར་ཡང་བསྐྱར་ལྗང་མདོག་གིས་ཁེངས་པ་རེད།