དམངས་སྲིད་པུའུ་ཡིས་སྣོད་བཅུད་ཅན་གྱི་རུས་ཐལ་པུར་འཇུག་ལ་བསྟོད་སྐུལ་བྱས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

       ཞིན་ཧྭ་དྲ་བའི་འཕྲིན། ཉེ་ཆར། དམངས་སྲིད་པུའུ་ཡིས་ 《2013 ལོའི་དྭངས་གསལ་དུས་ཚིགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པའི་བརྡ་ཐོ》 འོག་རིམ་ལ་བཏང་བ། དམངས་སྲིད་པུའུ་ཡིས་ཞལ་གྱེས་ཁང་གླས་སྤྱོད་བྱེད་པ་དང་རུས་ཐལ་སྣོད་བཅུད་ཅན་གྱི་པུར་འཇུག་སོགས་ནི་གཞི་རྩའི་ཞབས་ཞུ་ལས་གྲྭར་བཞག་པར་ཉམས་ཞིབ་བྱེད་རྒྱུ་ཟེར། 
       དམངས་སྲིད་པུའུ་ཡིས་བཏོན་དོན།སྣོད་བཅུད་ཅན་གྱི་པུར་འཇུག་ལ་བསྟོད་སྐུལ་བྱས་ཏེ། ས་གནས་སོ་སོས་རང་གི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་རུས་ཐལ་རྒྱ་མཚོར་གཏོར་བ་དང་རུས་ཐལ་ཤིང་རྩར་སྦེད་པ་བཅས་སྣོད་བཅུད་ཅན་གྱི་པུར་འཇུག་བྱེད་དགོས། རུས་ཐལ་རྒྱ་མཚོར་གཏོར་བ་སོགས་ལ་རིན་པ་མི་ལེན་པར་བརྩོན་ལེན་བྱེད་པ་དང་། ད་དུང་དེ་དག་གི་ཁྱིམ་མི་ལ་གཟེངས་བསྟོད་བྱེད་དགོས། དུས་མཚུངས་སུ་ཚོང་གཉེར་གྱི་སྤྱི་པའི་བང་སོ་སྣོད་བཅུད་སྤྱི་ཕན་བང་སོ་ཁུལ་གསར་གཏོད་བྱེད་པར་བསྟོད་སྐུལ་བྱེད་དགོས།
       ན་ནིང་ལོར་དམངས་སྲིད་པུའུ་ཡིས 《ཕྱོགས་ཡོངས་ནས་དམངས་ཕན་པུར་འཇུག་སྲིད་ཇུས་ཀྱི་ཁྲིད་སྟོན་བསམ་འཆར》 འོག་རིམ་ལ་བཏང་བ། “ལོ་ལྔ་ཚན་བཅུ་གཉིས་པའི་” མཇུག་ཏུ་རྒྱལ་ཁབ་ཡོངས་ཀྱི་པུར་སྲེག་ས་ཁུལ་དུ་ཕྱོགས་ཡོངས་ནས་རྨང་གཞིའི་པུར་འཇུག་ཞབས་ཞུ་འགན་སྲུང་སྒྲིག་གཞི་འཛུགས་སྐུན་བྱས་ཏེ། མང་ཚོགས་ཀྱི་རྨང་གཞིའི་པུར་འཇུག་ཞབས་ཞུ་ལ་དེང་ཕྱིན་སྲིད་གཞུང་གིས་རིན་པ་སྤྲད་རྒྱུ་རེད།