ཝུའུ་ཅིང་དང་ཧྲན་ཅང་ཤང་གཉིས་ཀྱིས་ཤིང་འཛུགས་ནགས་བཟོ་བྱས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་རྫོང་ཝུའུ་ཅིང་ཤང་ནགས་ལས་ས་ཚིགས་ཀྱིས་ཤང་ཏང་ཨུ་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་འོག  “སྟོང་སྐུལ” ལས་དོན་ཚོ་ཆུང་གི་མི་སྣ་དང་མཉམ་པོར་ཝུའུ་ཅིང་ཤང་དུ་འོས་འགན་ཤིང་འཛུགས་བྱས་པ།
    ཐེངས་འདིའི་ནགས་བཟོའི་ཤིང་ཕྲུག་ནི་གཡེར་མ་ཤིང་ཡིན་ཏེ།ཤིང་ཕྲུག་ནི་ནགས་ལས་ས་ཚིགས་ཀྱིས་འདོན་སྤྲོད་བྱས་པ།ད་དུང་ལག་རྩལ་ཁྲིད་སྟོན་བྱས་ནས། གཡེར་མའི་ཤིང་ཕྲུག་བསྡོམས་པས་ 2600 བཙུགས་པ།འོས་འགན་ཤིང་འཛུགས་སུ་ཞུགས་པའི་ལས་བྱེད་པ་དང་ཏང་ཡོན་མང་ཚོགས་100ལྷག་ཟིན་པ།
    གཞན་ཡང་ཤེས་གསལ་བྱུང་དོན།ཟླ་ 3 པའི་ཚེས་ 12 ནས་ཚེས་ 13 ཉིན་བར།སེམས་ཀྱི་ཉི་ཟླ་རྫོང་ཧྲན་ཅང་ཤང་སི་ཝང་གྲོང་སྡེའི་ “སྟོང་སྐུལ” ལས་དོན་ཚོ་ཆུང་གིས་སི་ཝང་གྲོང་སྡེའི་ཡུལ་མི་ཚང་མ་ལ་སྐུལ་མ་བཏང་ནས་ “ཤིང་འཛུགས་ནགས་བཟོ་བྱས་ནས།མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་པའི”བྱེད་སྒོ་སྤེལ་ཏེ།ལས་དོན་ཚོ་ཆུང་དང་ཡུལ་མིས་མཉམ་དུ་ཤིང་ཕྲུག་བཙུགས་པ་རེད།ཐེངས་འདིའི་བྱེད་སྒོར།     ཤིང་ཕྲུག་བསྡོམས་པས་2000ལྷག་བཙུགས་ཡོད་པ་རེད།