བོད་ཁྱིམ་སྤྲོ་ཁང་གི་ཡུལ་སྐོར་བ་སྔ་ལོ་ལས་མང་བ།

རྩོམ་པ་པོ།   གཡང་མཚོ་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། “ཆང་རག་ཞིམ་པོ་དང་མར་ཇ་ཞིམ་པོ།བོད་རིགས་ཀྱི་གླུ་གར་དང་།དམངས་སྲོལ་རིག་གནས་ཀྱིས་ང་ཚོ་ལ་བརྗེད་དཀའ་བའི་བག་ཆགས་སྤྲད་བྱུང་།” སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གླིང་ཁའི་བོད་ཁྱིམ་སྤྲོ་ཁང་དུ་ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་ལི་ཁྲུན་ཞིན་གྱིས་དེ་འདྲ་བཤད་པ།
        ས་སྲོད་ཀྱི་ཆུ་ཚོད་ 7 ཙམ་ལ།རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཟླ་བ་ཚེ་རིང་གི་བོད་ཁྱིམ་སྤྲོ་ཁང་གི་ཐོག་བརྩེགས་གཉིས་པའི་ཡངས་ཤིང་རྒྱ་ཆེ་བའི་ཚོམས་ཆེན་དུ་སྡོད་ཡོད་ལ།རྩམ་པ་དང་།ནོར་ཤ།མར་ཇ།ནས་རག་སོགས་བོད་ལུགས་ཀྱི་ཟས་རིགས་ལ་བྲོ་བ་མྱོང་བའི་ཆབས་ཅིག་ཏུ། ངོ་མཚར་ཆེ་བའི་དམངས་སྲོལ་གྱི་གླུ་གར་འཁྲབ་ཚན་ལྟ་བཞིན་ཡོད།བོད་ཁྱིམ་སྤྲོ་ཁང་ནང་གི་འཁྲབ་སྟོན་པས་འཁྲབ་པའི་བོད་ལུགས་གླུ་གར་གྱིས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་འཕྲོག་པ་རེད།
        ཟླ་བ་ཚེ་རིང་ཁྱིམ་མི་གང་བོས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་གསར་གཏོད་ལ་བརྟེན་ནས། 2003 ལོར་རང་གི་སྡོད་ཁང་བོད་ཁྱིམ་སྤྲོ་ཁང་དུ་བསྒྱུར་ཞིང་བོད་ལུགས་དམངས་སྲོལ་གྱི་ཐོག  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ལ་སྣེ་ལེན་བྱས།ཆུང་མ་ཏུང་ཞིའུ་ཀྲེན་གྱིས་བཤད་དོན།དོ་དགོང་ཡུལ་སྐོར་བ་250ལྷག་སྣེ་ལེན་བྱས་ཡོད།ད་དུང་ཡུལ་སྐོར་བའི་ཚོགས་པ་གཞན་པས་ཁ་པར་བརྒྱབ་ནས་འདིར་ལྟད་མོ་ལྟ་ཡོང་རྒྱུ་ཟེར་ཡོད་དེ།ཡུལ་སྐོར་བ་གང་བའི་རྐྱེན་ཁོ་ཚོ་ལ་སྣེ་ལེན་བྱེད་ཐུབ་མེད།
        ཤེས་གསལ་བྱུང་དོན།ད་ལོར་བོད་ཁྱིམ་སྤྲོ་ཁང་གི་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་ན་ནིང་ལས་མངོན་གསལ་གྱིས་མང་དུ་འཕར་ཡོད།ཟླ་བ་ཚེ་རིང་བོད་ཁྱིམ་སྤྲོ་ཁང་གིས་དཔྱིད་གསར་དུས་ཆེན་གྱི་བར་སྐབས་སུ་ཡུལ་སྐོར་བ་ 3000 ལྷག་སྣེ་ལེན་བྱས་ཏེ།ན་ནིང་གི་དུས་མཉམ་ལས་20%འཕར་བ་རེད།