དབུ་ཤོག >> ཏང་གི་ཚོགས་ཆེན་བཅོ་བརྒྱད་པ།
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འགོ་ཚུགས་པ།
རྩོམ་པ་པོ། མེད། དུས་ཚོད། 2013-03-27 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

    བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་དུ་བསྐྱོད་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས།    


        ཧུའུ་ཅིན་ཐའོ་དང་། ཅང་ཙེ་མིན། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ།   

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚེས་8ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།
        ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག《བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་ཞིང་།ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནི་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་སླེབས་སྐབས་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།བསམ་བློར་བཅིངས་འགྲོལ། སྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་དགོས་པ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
        མི་དམངས་ཚོགས་ཁང་ཆེ་མོ་བརྗིད་ཉམས་ཆེ་ཞིང་ཟིལ་ཉམས་ལྡན་པ་དང་མི་ཁྲི་ཤོང་བའི་ཚོགས་ཁང་ཆེ་མོ་ཧ་ཅང་འཁྲུག་པོ་ཡོད་ཅིང་།ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་མཁན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧུའུ་ཅིན་ཐའོ་དང་། ཅང་ཙེ་མིན། ཝུའུ་པང་གོ  དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་། ཝང་ཀང་། ཝང་ལེ་ཆོན། ཝང་ཀྲའོ་གོ ཝང་ཆི་ཧྲན། ཧུའེ་ལེའང་ཡུས། ལིའུ་ཆི། ལིའུ་ཡུན་ཧྲན། ལིའུ་ཡན་ཏུང་།ལི་ཡོན་ཁྲའོ། དབང་དབྱང་། ཀྲང་ཀའོ་ལིས། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཞུའེ་ཚའེ་ཧོའུ། ཀུའོ་པོ་ཞུང་།ལི་ཕུང་། ཀྲུའུ་རུང་ཅི། ལི་རེའུ་ཧོན། སུང་ཕིང་། ཝུའེ་ཅན་ཞིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལུའོ་ཀན། ཧྥན་ཁྲང་ལུང་། ཞུའེ་ཆི་ལེའང་། ཧོ་ཡུང་། ལིང་ཅི་ཧྭ། ཝང་ཧུའུ་ཉིང་བཅས་ཡོད་པ་རེད།
        ཚོགས་ཆེན་ནི་ཝུའུ་པང་གོས་གཙོ་སྐྱོང་གནང་བ་དང་སྔ་དྲོའི་ཆུ་ཚོད་དགུ་པར་ཚོགས་འདུ་འགོ་ཚུགས་ཏེ་ཚང་མ་ཡར་བཞེངས་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》སྐད་གསང་མཐོན་པོས་བཏང་བ་དང་དེ་རྗེས་བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་འདས་པོ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
        ཝུའུ་པང་གོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་དགོངས་པའི་འཐུས་མི་2268དང་ཆེད་མངགས་གདན་ཞུས་འཐུས་མི་57ཡོད་པས་ཁྱོན་བསྡོམས་མི་གྲངས་2325ཡོད། དེ་རིང་དངོས་སུ་མི་གྲངས་2309ཕེབས་ཡོད་ཅེས་ཁྱབ་བསྒྲགས་གནང་བ་དང་ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་བའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ལ་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་པ་རེད།
        ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་དེ་ཁག་12ལ་ཕྱེ་ཡོད་པ་སྟེ། གཅིག འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་བཅུའི་གཞི་རྩའི་ཕྱོགས་བསྡོམས། གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་དགོས། གསུམ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་བསྒྱུར་བཅོས་སྒོ་འབྱེད་སྒོ་ཀུན་ནས་ཟབ་སྤེལ་བྱེད་པའི་དམིགས་ཚད། བཞི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་བཟོ་རྒྱུ་མགྱོ གས་སུ་གཏོང་བ་དང་དཔལ་འབྱོར་སྤེལ་སྟངས་བསྒྱུར་རྒྱུ་མགྱོ གས་སུ་གཏོང་དགོས། ལྔ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། དྲུག   སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། བདུན། དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་གཏོད་ཀྱི་ཁྲོད་ནས་སྤྱི་ཚོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྒྱད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བྱེད་དགོས། དགུ  རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་སྤེལ་མགྱོ གས་སུ་གཏོང་དགོས། བཅུ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་པར་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས། བཅུ་གཅིག  མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་མུ་མཐུད་ནས་སྐུལ་འདེད་གཏོང་དགོས། བཅུ་གཉིས། ཏང་ལེགས་སྐྱོང་བྱེད་ཕྱོགས་ཚན་རིག་དང་མཐུན་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་སྙན་སྒྲོན་ནང་བསྟན་དོན། ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ནས་དཔལ་འབྱོར་བརྟན་ལ་ཅུང་མགྱོ གས་པོས་འཕེལ་རྒྱས་བྱུང་བ་དང་། སྒྱུར་བཅོས་སྒོ་འབྱེད་འཕེལ་རྒྱས་གལ་ཆེན་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་ཐད་གོམ་སྟབས་གསར་པ་སྤོས་པ། རིག་གནས་འཛུགས་སྐྱོང་ཐད་སྐས་རིམ་གསར་པ་སླེབས་པ། སྤྱི་ཚོགས་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་བྱུང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་བཏོད་པ། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་པ། ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། ཏང་གི་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་ཐེབས་པ་བཅས་བྱུང་ཡོད། ཕྱོགས་མཚུངས་ང་ཚོའི་ལས་དོན་ནང་མི་འདང་ས་མང་པོ་ལྷགས་ཡོད་པ་དང་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་ཡོད་པ་ངེས་པར་དུ་གསལ་པོར་མཐོང་ཐུབ་པ་བྱེད་དགོས།
        ལོ་བཅུའི་ལས་དོན་ལ་ཕྱོགས་བསྡོམས་བྱེད་སྐབས། ཧུའུ་ཅིན་ཐའོ་ཡིས་ནན་བཤད་གནང་དོན། ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེའི་དུས་སྐབས་དམ་འཛིན་ནན་པོ་བྱེད་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ་འགྲན་རྩོད་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་ཧུར་ཐག་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་བཅུའི་འབད་འཐབ་ལ་ཕྱོགས་བསྡོམས་བྱེད་སྐབས་གལ་ཆེ་ཤོས་ནི་ང་ཚོས་ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་ཕོད་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བར་དམིགས་ཏེ་འབྲེལ་བ་ཟབ་པ་དང་ཕན་ཚུན་འབྲེལ་མཐུད་ཀྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ་དང་། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པ་དང་ལག་བསྟར་བྱས་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ་དང་ཏང་འཛུགས་སྐྱོང་གི་ཕྱོགས་གང་ཅིའི་ཐད་མཚོན་པ་བྱེད་དགོས།
        ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་དོན། འགྲོ་ལམ་ནི་ཏང་གི་སྲོག་རྩ་དང་། རྒྱལ་ཁབ་ཀྱི་མདུན་ལམ། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་སུམ་ཅུ་ལྷག་ཙམ་རིང་ལག་བསྟར་རྒྱུན་མཐུད་བྱས་པའི་འཚོལ་ཞིབ་ཁྲོད་ང་ཚོས་ཕྱི་བཀག་ནང་སྡོམ་གྱི་འགྲོ་ལམ་རྙིང་པའི་ཐོག་ཕྱིན་མེད་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཕྱིན་མེད་པར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཡོད།
        ཧུའུ་ཅིན་ཐའོ་ཡིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་དུས་མཚམས་ཡིན་པ་དང་། སྤྱིའི་བཀོད་སྒྲིག་ནི་གནས་ལྔ་གཞི་གཅིག་ཅན་ཡིན། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭའི་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་ངེས་པར་དུ་མི་དམངས་ཀྱི་གནས་བབ་གཙོ་བོ་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་གཏོང་བ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱར་བཅོས་སྒོ་འབྱེད་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།ངེས་པར་དུ་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཐུན་མོང་ཕྱུག་འགྱུར་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཞི་བདེ་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁོངས་བྱེད་དགོས།
        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་དམིགས་ཚད་ཁྱོན་ཡོངས་ནས་ཟབ་ཏུ་གཏོང་རྒྱུའི་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་དོན། རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་གཞིགས་ན་རང་རྒྱལ་འདི་ཉིད་སྔར་བཞིན་བྱེད་རིན་ཆེན་པོ་ཡོད་པའི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དུས་སུ་གནས་ཡོད། ང་ཚོས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས། ཚོགས་ཆེན་བཅུ་དྲུག་པ་དང་བཅུ་བདུན་པས་གཏན་འཁེལ་བྱས་པའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཀྱི་རྨང་གཞིའི་ཐོག་བླང་བྱ་གསར་པ་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས། དམིགས་ཚད་གཙོ་བོ་ནི་དཔལ་འབྱོར་རྒྱུན་མཐུན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་འཕེལ་རྒྱས་གསར་པ་ཡོང་བ།རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ་བྱེད་པ། མི་དམངས་དམངས་གཙོ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ།རིག་གནས་ཀྱི་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་ཡོང་བ་བྱེད་དགོས་པ་བཅས་རེད།
        ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་གང་མགྱོ གས་འཐུས་སྒོ་ཚང་དུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོ གས་སུ་གཏོང་དགོས། གཅིག་ནས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་སྒོ་ཀུན་ནས་ཟབ་ཏུ་གཏོང་དགོས། གཉིས་ནས་འདེད་སྐུལ་འཕེལ་རྒྱས་འཐས་ཇུས་གསར་གཏོད་དང་ལག་བསྟར་བྱེད་དགོས་པ། གསུམ་ནས་དཔལ་འབྱོར་གྲུབ་ཆར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་དགོས་པ།བཞི་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།ལྔ་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་ཆུ་ཚད་ཁྱོན་ཡོངས་ནས་མཐོར་རུ་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་ཆབ་སྲིད་སྒྲིལ་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ལམ་ལུགས་འཛུགས་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། དམངས་འཚོ་ལེགས་སུ་གཏོང་བ་དང་དོ་དམ་གསར་གཏོད་བྱེད་པའི་ཁྲོད་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་བོར་བརྩི་དགོས་པ་དང་ངེས་པར་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་མགྱོ གས་སུ་གཏོང་དགོས། དེའི་ཐད་ཀྱི་ལས་འགན་གཙོ་བོའི་ནང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་བ་དང་། མི་སྔར་ལས་མང་བ་ལས་ཀར་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་ཡུལ་མིའི་ཡོང་འབབ་འཕར་བ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ།མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དེ་གསར་གཏོད་བྱེད་པ་བཅས་ཚུད་ཡོད།
        ཧུའུ་ཅིན་ཐའོ་ཡིས་ནན་བཤད་གནང་དོན། ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གཤམ་གསལ་ཕྱོགས་བཞིའི་ལས་དོན་གཙོ་གནད་ཐོག་བསྒྲུབ་དགོས་པ་སྟེ།གཅིག་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་ཡུལ་ཁམས་གསར་སྤེལ་གྱི་རྣམ་པ་ལེགས་སུ་གཏོང་བ་དང་། གཉིས་ནས་ཐོན་ཁུངས་གྲོན་ཆུང་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གསུམ་ནས་རང་བྱུང་སྣོད་བཅུད་མ་ལག་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བཞི་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས།
        ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་དོན། དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་དགོས། ཧུར་བརྩོན་དང་བརྟན་ལྷིང་གི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་དོན།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་སྲིད་གཞུང་གིས་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་བྱ་བ་བསྒྲུབ་རྒྱུ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་སྲིད་གཞུང་ལ་ཁྲིམས་ལྟར་སྲིད་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།“ཞི་བའི་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཞི་བའི་གཅིག་གྱུར་གྱི་ཆེད་དུ་དེ་བས་ལེགས་པའི་ཆ་རྐྱེན་སྐྲུན་དགོས། ང་ཚོས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་“ཐའེ་དབན་རང་བཙན་”གྱི་ཁ་ཕྲལ་གྱི་ལྐོག་གཡོར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།རྒྱ ལ་སྤྱིའི་འབྲེལ་བའི་ཁྲོད་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་། ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་དང་ཚང་མར་ཕན་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས།
        ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་དོན། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས། ཏང་ཡོངས་ཀྱིས་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་གི་གཙོ་རྐང་སྟངས་འཛིན་ནན་པོ་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་།སྤྱོད་ཚུལ་འཛུགས་སྐྱོང་།རུལ་འགོག་གཙང་སྤེལ་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ། རང་ཉིད་གཙང་འགྱུར་དང་། རང་ཉིད་འཐུས་ཚང་།རང་ཉིད་གསར་བརྗེས། རང་ཉིད་མཐོར་གཏོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ།སློབ་སྦྱོང་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་བྱེད་པ་བཅས་བྱས་ཏེ་ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།
        ཧུའུ་ཅིན་ཐའོ་ཡིས་སྙན་སྒྲོན་གནང་བའི་བརྒྱུད་རིམ་ནང་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་མང་གྲགས་པ་རེད།
        ད་ཆ་འགན་བཞེས་མུས་དང་འགན་བཞེས་མྱོང་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་པའི་ཏང་ཕྱིའི་མི་སྣ་དང་། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དེ་བཞིན་པེ་ཅིང་དུ་བཞུགས་པའི་ཀྲུའུ་ཞི་གཞོན་པ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་པེ་ཅིང་དུ་བཞུགས་པའི་རྒྱུན་ཨུའི་ཁྲོད་ཀྱི་དམངས་གཙོའི་ཏང་ཤོག་དང་། ཏང་ཤོག་གང་ལའང་མི་གཏོགས་པ། མི་རིགས་དང་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་ཧན་ཅི་ཏེ་དང་། ཀྲོའུ་ཐེ་ནུང་། ཅང་ཧྲུའུ་ཧྲེང་། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། སང་གོ་ཝུའེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོང་མོང་ཧྥུའུ། ཏུང་ཅན་ཧྭ། ཀྲང་མེ་ཡིང་། ཀྲང་རུང་མིང་། དབན་ཀང་། ལིན་ཝུན་དབྱི། ལི་ཝུའུ་ཝེ། ལུའོ་ཧྥུའུ་ཧོ། ཁྲེན་ཙུང་ཤིང་། ཝང་ཀྲི་ཀྲེན། ཧོ་ཧོའུ་ཧྭ། ཧོ་ལུའུ་ལི། ཁྲེང་སི་ཝུའེ། ཞུས་ཅ་ལུའུ། ཅང་ཀྲེང་ཧྭ། སུན་ཧྥུའུ་ལིང་། ཝང་ཝུན་ཡོན། ལུའོ་ཧའོ་ཚའེ། ཀྲང་ཁེ་ཧུའེ། ཀྲང་ཧོའེ་ཤིས། ལི་མོང་། ཡོན་ལུང་ཕིང་སོགས་སྐུ་མགྲོན་གྱི་ངོས་ནས་ཚོགས་ཆེན་ལ་ཟུར་ཞུགས་གནང་སྟེ་ཀྲུའུ་ཞི་སྡིངས་ཆའི་སྐུ་མགྲོན་གྱི་བཞུགས་གནས་སུ་བཞུགས་ཡོད། ཏང་ནང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་གནང་བ་རེད།
        ཀྲུང་ཕྱིའི་གསར་འགོད་པ་2700ལྷག་ཙམ་གྱིས་འགོ་ཚུགས་ཚོགས་འདུའི་གནས་ཚུལ་གཟབ་རྒྱས་བཅར་འདྲི་འཕྲིན་སྤེལ་བྱས་པ་རེད།