ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལྔའི་དེབ་རྐྱང་མ་དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལྔའི་དེབ་རྐྱང་མ་པར་དུ་བསྐྲུན་ནས་བཀྲམས་པ།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཧུའུ་ཅིན་ཐའོ་ཡི2012ལོའི་ཟླ11པའི་ཚེས8ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གི་སྙན་ཞུ་སྟེ«བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མདུན་དུ་བསྐྱོད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་འབད་བརྩོན་བྱེད་དགོས»ཞེས་པའི་སོག་པོ་དང་བོད། ཡུ་གུར། ཧ་སག ཁྲའོ་ཞན་བཅས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལྔའི་དེབ་རྐྱང་མ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ནང་དོན་ཁ་ཤས་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་བའི«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག»ཅེས་པའི་སོག་པོ་དང་བོད། ཡུ་གུར། ཧ་སག ཁྲའོ་ཞན་བཅས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ལྔའི་དེབ་རྐྱང་མ་དེ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་ལོ་ཙཱ་བྱས་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམས། །