ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོས་ཞིས་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོས་ཚེས་15ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ།
        ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་བ།
        ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ཞིས་ཅིན་ཕིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གནང་རྒྱུ་དང་། ཧྥན་ཁྲང་ལུང་དང་། ཞུས་ཆི་ལེང་རྣམ་གཉིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་གནང་རྒྱུ་གཏན་འབེབས་བྱས་པ།
        ཏང་གི་སྐབས་བཅོ་བརྒྱད་འི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གདམ་བྱའི་འོས་མིར་ཆོག་མཆན་གནང་བ་དང་། ཝང་ཆི་ཧྲན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གནང་རྒྱུ་ཡིན་པ།