ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཁོངས་མིའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        བློ་མཐུན་ཀྲང་ཏེ་ཅང་གི་ལོ་རྒྱུས་མདོར་བསྡུས།
        ཀྲང་ཏེ་ཅང་།ཕོ།རྒྱ་རིགས།1946ལོའི་ཟླ་བཅུ་གཅིག་པར་འཁྲུངས།ལེའོ་ཉིང་ཐའེ་ཨན་ནས་ཡིན།1968ལོའི་ཟླ་བཅུ་གཅིག་པར་ལས་ཀར་ཞུགས།1971ལོའི་ཟླ་དང་པོར་ཏང་ནང་ཞུགས།ཁྲའོ་ཤན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་དཔལ་འབྱོར་ཚན་ཁག་ནས་ཐོན།སློབ་ཆེན་གྱི་སློབ་སྦྱོང་ལོ་རྒྱུས་ལྡན།
        ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན།
        1968ལོ་ནས་1970ལོ་བར་ཅི་ལིན་ཞིང་ཆེན་དབང་ཆིང་རྫོང་ལུའོ་ཙེ་ཀའུ་ཀུང་ཧྲེ་ཐའེ་ཕིང་རུ་ཆེན་དུ་ཞུགས་ནས་གཞོན་ནུ་ཤེས་ཡོན་ཅན་གནང་།
        1970ལོ་ནས་1972ལོ་བར་ཅི་ལིན་ཞིང་ཆེན་དབང་ཆིང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་ཚོགས་ཆུང་གི་ཀན་ཧྲི་དང་ལས་ཁུངས་ཀྱི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི་གནང་།
        1972ལོ་ནས་1975ལོ་བར་ཡན་པེན་སློབ་ཆེན་ཁྲའོ་ཤན་སྐད་ཡིག་ཚན་ཁག་ཏུ་ཁྲའོ་ཤན་སྐད་ཡིག་ཆེད་ལས་སློབ་སྦྱོང་གནང་།
        1975ལོ་ནས་1978ལོ་བར་ཡན་པེན་སློབ་ཆེན་ཁྲའོ་ཤན་སྐད་ཡིག་ཚན་ཁག་ཏུ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
        1978ལོ་ནས་1980ལོ་བར་ཁྲའོ་ཤན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་དཔལ་འབྱོར་ཚན་ཁག་ཏུ་སློབ་སྦྱོང་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་གྲྭ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་གནང་།
        1980ལོ་ནས་1983ལོ་བར་ཡན་པེན་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཞའོ་ཀྲང་གཞོན་པ་གནང་།
        1983ལོ་ནས་1985ལོ་བར་ཅི་ལིན་ཞིང་ཆེན་ཡན་ཅི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡན་པེན་ཀྲོའུ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཡན་ཅི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གཅིག་ལྕོགས་གནང་།
        1985ལོ་ནས་1986ལོ་བར་ཅི་ལིན་ཞིང་ཆེན་ཡན་པེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
        1986ལོ་ནས་1990ལོ་བར་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
        1990ལོ་ནས་1995ལོ་བར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཡན་པེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་གནང་།
        1995ལོ་ནས་1998ལོ་བར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
        1998ལོ་ནས་2002ལོ་བར་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
        2002ལོ་ནས་2007ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
        2007ལོ་ནས་2008ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།
        2008ལོ་ནས་2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།(2012ལོའི་ཟླ་གསུམ་པ་བར་གཅིག་ལྕོགས་གནང)
        2012ལོ་ནས་ད་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།
        སྐབས་བཅུ་བཞི་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་།སྐབས་བཅོ་ལྔ་པ་དང་།བཅུ་དྲུག་པ།བཅུ་བདུན་པ།བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་བཅས་གནང་།


        བློ་མཐུན་ཡུས་ཀྲེང་ཧྲེང་གི་ལོ་རྒྱུས་མདོར་བསྡུས།
        ཡུས་ཀྲེང་ཧྲེང་།ཕོ།རྒྱ་རིགས།1945ལོའི་ཟླ་4པར་འཁྲུངས།ཀྲེ་ཅང་ཧྲའོ་ཤིང་ནས་ཡིན།1963ལོའི་ཟླ་8པར་ལས་ཀར་ཞུགས།1964ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཧའར་པིན་དམག་དོན་ལས་གྲྭ་སློབ་གླིང་ཏའོ་ཏན་འཕུར་མདའི་ལས་གྲྭ་ཚན་ཁག་མདེལ་ལམ་ཅན་གྱི་འཕུར་མདའི་རང་འགུལ་ཚོད་འཛིན་ཆེད་ལས་ནས་ཐོན།སློབ་གྲྭ་ཆེ་མོའི་སློབ་སྦྱོང་གི་ལོ་རྒྱུས་ལྡན་པ་དང་བཟོ་བཀོད་པ་ཡིན།
        ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡིན།
        1963ལོ་ནས་1968ལོ་བར་ཧའར་པིན་དམག་དོན་ལས་གྲྭ་སློབ་གླིང་གི་ཏའོ་ཏན་འཕུར་མདའ་ལས་གྲྭ་ཚན་ཁག་ཏུ་མདེལ་ལམ་ཅན་གྱི་འཕུར་མདའི་རང་འགུལ་ཚོད་འཛིན་ཆེད་ལས་སློབ་སྦྱོང་གནང་།
        1968ལོ་ནས་1971ལོ་བར་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་སྐུད་མེད་གློག་ཆས་བཟོ་གྲྭ་དྲུག་པར་ལག་རྩལ་པ་གནང་།
        1971ལོ་ནས་1975ལོ་བར་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་ཆའོ་ཤིས་སྐུད་མེད་གློག་ཆས་བཟོ་གྲྭར་ལག་རྩལ་པ་དང་འགན་ཁུར་བ་གནང་།
        1975ལོ་ནས་1981ལོ་བར་འཕྲུལ་ཆས་བཟོ་ལས་པུའུ་གློག་རྡུལ་ལག་རྩལ་ཁྱབ་གདལ་བེད་སྤྱོད་ཞིབ་འཇུག་སུའོ་བཞི་པར་ལག་རྩལ་པ་དང་བཟོ་བཀོད་པ་གནང་།
        1981ལོ་ནས་1982ལོ་བར་འཕྲུལ་ཆས་བཟོ་ལས་པུའུ་གློག་རྡུལ་ལག་རྩལ་ཁྱབ་གདལ་བེད་སྤྱོད་ཞིབ་འཇུག་སུའོ་བཞི་པར་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་གནང་།
        1982ལོ་ནས་1984ལོ་བར་གློག་རྡུལ་བཟོ་ལས་པུའུ་གློག་རྡུལ་ལག་རྩལ་ཁྱབ་གདལ་བེད་སྤྱོད་ཞིབ་འཇུག་སུའོ་རུ་སུའོ་ཀྲང་གཞོན་པ་དང་།གློག་རྡུལ་བཟོ་ལས་པུའུ་རྩིས་རྒྱག་འཕྲུལ་འཁོར་བཟོ་ལས་དོ་དམ་ཅུས་ཁོངས་གཏོགས་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་།སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་དང་དབྱིབས་ཆུང་འཕྲུལ་འཁོར་དོ་དམ་པུའི་ཀྲུའུ་རེན་གཅིག་ལྕོགས།གློག་རྡུལ་བཟོ་ལས་པུའི་འཆར་འགོད་སིའི་སི་ཀྲང་གཞོན་པ་བཅས་གནང་།
        1984ལོ་ནས་1985ལོ་བར་ཀྲུང་གོ་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་།ལས་འཛིན་འགོ་གཙོ་གཞོན་པ།ཏང་ཙུའི་ཁོངས་མི་བཅས་གནང་།(དེའི་རིང་1984ལོའི་ཟླ་12པར་སི་ཅུས་རྒན་པའི་རིམ་པར་གཏན་འཁེལ།1985ལོའི་ཟླ་1ནས་ཟླ་3པ་བར་ཁང་ཧྭ་ཁེ་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་ཚབ་གནང)
        1985ལོ་ནས་1987ལོ་བར་ཧྲན་ཏུང་ཞིང་ཆེན་དབྱན་ཐའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
        1987ལོ་ནས་1989ལོ་བར་ཧྲན་ཏུང་ཞིང་ཆེན་དབྱན་ཐའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གནང་།
        1989ལོ་ནས་1992ལོ་བར་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།ཧྲི་ཀྲང་གཞོན་པ།ཧྲི་ཀྲང་བཅས་གནང་།
        1992ལོ་ནས་1994ལོ་བར་ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་།ཆིང་ཏའོ་གྲོང་ཨུད་ཀྱི་ཧྲུའུ་ཅི།ཧྲི་ཀྲང་བཅས་གནང་།
        1994ལོ་ནས་1997ལོ་བར་ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཆིང་ཏའོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
        1997ལོ་ནས་1998ལོ་བར་འཛུགས་སྐྲུན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་གཞོན་པ་གནང་།
        1998ལོ་ནས་2001ལོ་བར་འཛུགས་སྐྲུན་པུའི་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གནང་།
        2001ལོ་ནས་2002ལོ་བར་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
        2002ལོ་ནས་2003ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
        2003ལོ་ནས་2007ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
        2007ལོ་ནས་2008ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
        2008ལོ་ནས་2011ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི།2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
        2011ལོ་ནས་2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
        2012ལོ་ནས་ད་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི།སྐབས་བཅུ་བཞི་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན།སྐབས་བཅོ་ལྔ་པ་དང་།སྐབས་བཅུ་དྲུག་པ།སྐབས་བཅུ་བདུན་པ།སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་བཅས་གནང་།