འབའ་ལུང་རྫོང་གིས་ཞིང་ཁ་ཆུང་རིགས་ཀྱི་ཆུ་བེད་ལ་མ་དངུལ་སྒོར་ཁྲི་1600བཏང་བ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ན་ནིང་ནས་བཟུང་།འབའ་ལུང་རྫོང་གིས་ནན་པོའི་ངང་ཀྲུང་དབྱང་ནོར་སྲིད་ཞིང་ཁ་ཆུང་རིགས་ཀྱི་ཆུ་བེད་གནད་ཆེའི་རྫོང་འབོར་ཐེངས་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་ཡག་པོར་འཛིན་ནས།རྣམ་པར་རྒྱལ་བའི་ངང་2011ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ཁའི་ཆུ་བདེ་ཆུང་རིགས་ཀྱི་གནད་ཆེའི་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱུང་ཞིང་།ཞིང་ཁའི་ཆུ་བདེ་བཀོད་སྒྲིག་འཐུས་ཚང་དུ་བཏང་སྟེ།ཞིང་ལས་ཐོན་སྤེལ་དང་ཡོང་སྤར་ལ་སྐུལ་འདེད་གཏོང་བ།
        ན་ནིང་ལག་བསྟར་བྱས་པའི་འབའ་ལུང་རྫོང་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ཁའི་ཆུ་བེད་ཆུང་རིགས་ཀྱི་གནད་ཆེའི་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ལ།པའོ་ཧོ་གྲོང་རྡལ་ལུང་ཀྲུའུ་ཆིན་གྱི་དེང་སྐབས་ཞིང་ལས་གནས་གཞིའི་ལས་གྲྭ་དང་།ཁང་ཕུའུ་ཤང་ཕུའུ་ལེ་གྲོག་རོང་ཆེན་པོ།ཀྲུའུ་ལུའུ་ཤང་རི་ཏེང་གྲོག་རོང་ཆེན་པོ།འབའ་སྡེ་ཤང་གི་ཀྲེ་ཅེ་དང་།ཨ་ཁྲི།ཙུང་ཀུའུ་ལུའོ།ལུའོ་མ་ཞིང་ཆུ་གཏོང་ཡུལ་ཆུ་རྐའི་ལས་གྲྭ་བཅས་གཏོགས་པ།རྣམ་གྲངས་ཁག་ལྔ་བགོས་ཡོད་དེ།སྤྱིའི་མ་དངུལ་སྒོར་ཁྲི་ 1600 བཏང་བ།དེའི་ནང་ཀྲུང་དབྱང་གིས་སྒོར་ཁྲི་ 800 ཆ་ཚང་བར་བཀོད་སྒྲིག་བྱས་པ་དང་།ཞིང་ཆེན་རིམ་པས་སྒོར་ཁྲི་800ཆ་ཚང་བར་བཀོད་སྒྲིག་བྱས་ཤིང་།2011ལོའི་ཟླ་11པར་ལས་འགོ་ཚུགས་པ་རེད།མིག་སྔར།ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
        གཞན་ཡང་ཤེས་གསལ་བྱུང་དོན།འབའ་ལུང་རྫོང་འབོར་ཐེངས་བཞི་པའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ཁའི་ཆུ་བེད་ཆུང་རིགས་ཀྱི་གནད་ཆེའི་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་ཡོད་དེ།སྤྱིའི་མ་དངུལ་སྒོར་ཁྲི་ 1940 བཏང་བ།ལས་གྲྭ་གྲུབ་རྗེས།འབའ་ལུང་རྫོང་གི་ཞིང་ཁའི་ཆུ་བེད་བཀོད་སྒྲིག་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་རྒྱུ་རེད།