བདེ་ཆེན་ཁུལ་ཕྱིར་གཏོང་ཚོང་ཟོག་ཀྱི་ཡོང་སྒོ་མེ་སྒོར་ཁྲི་སྟོང་ལས་བརྒལ་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།   ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།    2011 ལོར།   རང་ཁུལ་གྱིས་ཕྱིར་གཏོང་ཚོང་ཟོག་གི་ཡོང་སྒོ་མེ་སྒོར་ཁྲི 1051 ཚུར་བསྡུ་ཐུབ་པ་བྱུང་བ་དང་།  ཐོག་མར་མེ་སྒོར་ཁྲི་སྟོང་ལས་བརྒལ་བས།   ན་ནིང་གི་དུས་མཚུངས་ལས་མེ་སྒོར་ཁྲི་ 465.50 འཕར་བྱུང་བ་དང་།  འཕར་སྣོན་བྱུང་ཚད 80.08% ཡིན།   མིག་སྔར།   བདེ་ཆེན་ཁུལ་གྱི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་ནི་བེ་ཤ་ཤ་མོ་དང་ཕྱུར་གཉིས་ཡིན།   2011 ལོར་ཕྱིར་གཏོང་ཚོང་ཟོག་གི་ཡོང་སྒོ་ཇེ་མང་དུ་འཕར་བ་དང་། དེར་གཙོ་བོ་གཤམ་གྱི་རྒྱུ་མཚན་གཉིས་ཡོད་དེ།
       གཅིག་ནི་བེ་ཤ་ཤ་མོའི་དགོས་མཁོ་མཐོ་རུ་འཕར་བ།   བེ་ཤ་ཤ་མོའི་ནང་སྤྲི་དཀར་གྱི་རིགས་ཕུན་སུམ་ཚོགས་པ་དང་ཨན་གཞི་སྐྱུར་སྣ་ཁ་མང་པོ་སོགས་འདྲེས་ཡོད། བདེ་ཆེན་ཁུལ་ནི་རྒྱལ་ནང་གི་བེ་ཤ་ཤ་མོའི་ཐོན་ས་གཙོ་བོ་ཡིན་པས།   2011 ལོར་བེ་ཤ་ཤ་མོའི་ཕྱིར་གཏོང་བའི་ཡོང་སྒོས་མེ་སྒོར་ཁྲི 769 ཟིན་པ།   དུས་མཚུངས་ལས་མེ་སྒོར་ཁྲི 247 འཕར་ཞིང་།  47.32%   འཕར་ཡོད།  གཉིས་ནི་ཕྱུར་མའི་ཕྱིར་གཏོང་ལས་དོན་མགྱོ གས་པོར་འཕར་བ།     ཕྱུར་མ་ནི་གཙོ་བོར་བཟའ་ཆས་ཀྱི་སྦྱོར་རྟ་དང་མཛེས་འདོན་བྱུག་རྫས་སོགས་སུ་སྤྱོད་པ་རེད། 2010 ལོར་བདེ་ཆེན་ཁུལ་གྱི་ཕྱུར་མ་འབོར་དང་པོ་ཕྱིར་བཏང་བ་དང་།   ལོ་དེའི་ཕྱིར་གཏོང་ཡོང་སྒོ་ནི་མེ་སྒོར་ཁྲི 66 ཡིན།     ཐོན་ལས་ཀྱི་སྤུས་ཚད་ཡག་པོ་ཡིན་པའི་རྐྱེན་གྱིས།   ཕྱི་རྒྱལ་གྱི་ཁྲོམ་རའི་ཚོང་ལམ་ཡངས་པོར་ཕྱེས་པ་དང་།   ཚོང་ཟོག་མངག་ཐོ་ཇེ་མང་དུ་འཕར་བས།2011ལོའི་ཕྱིར་གཏོང་ཚོང་ཟོག་གི་ཡོང་སྒོ་སྒོར་ཁྲི282ཟིན་ཡོད།   2010ལོ་ལས་མེ་སྒོར་ཁྲི216འཕར་ཡོད་པ་རེད།