ཞིང་ཕན་དངུལ་གཏོང་གིས་ཞིང་འབྲོག་པར་སྟབས་བདེ་སྐྱེལ་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2012 ལོར་ཀྲུང་གོ་མི་དམངས་དངུལ་ཁང་བདེ་ཆེན་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཏན་ཏིག་ངང 《གོམ་གང་མདུན་སྤོས་ཀྱིས་ཡུན་ནན་ཞིང་ཆེན་གྱི་ཞིང་ཕན་དངུལ་གཏོང་བྱེད་སྒོ་ཁྱབ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ》 ལག་བསྟར་དོན་འཁྱོལ་བྱས་པ། ཁུན་མིང་ལྟེ་བའི་ཡན་ལག་དངུལ་ཁང་གིས་རོགས་སྐྱོར་འོག་ཞིང་ཕན་དངུལ་གཏོང་ཞབས་ཞུ་ས་ཚིགས་ཁག108འཛུགས་ཏེ། ཞིང་སྐྱོར་དང་ཞིང་ཕན་གྱི“དངུལ་གཏོང་ལྗང་མདོག་འགྲུལ་ལམ་”འཛུགས་པ་རེད། 
       ཞིང་ཕན་དངུལ་གཏོང་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། ན་ནིང་ཟླ 12 པའི་ཟླ་མཇུག་བར། བྱེད་སྒོ་སོ་སོའི་ཉོ་ཚོང་ཁག 17210 ཡོད་པས། ཉོ་ཚོང་དངུལ་གྲངས་སྒོར་ཁྲི 408.12 ཟིན་པ། དེའི་ནང་དུ་འཛད་སྤྱོད་བྱེད་སྒོ་ཁག 80 ཡོད་པས། དངུལ་གྲངས་སྒོར་ཁྲི11.47ཟིན་པ། དངུལ་ལེན་བྱེད་སྒོ་ཁག2633ཡོད་པས། དངུལ་གྲངས་སྒོར་ཁྲི138ཟིན་པ། དངུལ་འཇལ་བའི་བྱེད་སྒོ་ཁག11585ཡོད་པས། དངུལ་གྲངས་སྒོར་ཁྲི42.19ཟིན་པ། རྩིས་ཐོ་སྤོ་བའི་བྱེད་སྒོ་ཁག2912ཡོད་པས། དངུལ་གྲངས་སྒོར་ཁྲི216.47ཟིན་པ། དངུལ་ཁང་ཁྭའི་འདྲི་རྟོག་བྱེད་སྒོ་ཁག5875ཡོད་པ། ཁ་པར་གཏོང་རིན་འདྲི་རྟོག་བྱེད་སྒོ་ཁག17648ཡོད་པ།
        བདེ་ཆེན་ཞིང་ཕན་དངུལ་གཏོང་ཞབས་ཞུ་བྱེད་སྒོ་གོང་འཕེལ་མགྱོ གས་པོ་འགྲོ་བ། ནུས་པ་ལྡན་པའི་ངང་གྲོང་གསེབ་དངུལ་རྩའི་ས་ཚིགས་མེད་པ་དང་དངུལ་རྩའི་ཞབས་ཞུ་འཐུས་སྒོ་མི་ཚང་བའི་གནས་ཚུལ་ཐག་གཅོད་པ། ཤང་གྲོང 27 དང་། སྲིད་འཛིན་གྲོང་སྡེ88 དང་གྲོང་མི་ཚོ་ཆུང107ལ་ཕན་ཐོབ་པས། རྒྱ་ཆེ་བའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།