བདེ་ཆེན་རྫོང་གིས་དབུལ་ཕོངས་མི་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ།

རྩོམ་པ་པོ།   ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། དབུལ་ཕོངས་མི་གྲངས་དབྱེ་བ་འབྱེད་པའི་ལས་ཀ་སྤེལ་འགོ་ཚུགས་པ་ནས་བཟུང་། བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེས་མཐོ་བའི་མཐོང་ཆེན་བྱས་ཏེ། ལས་བགོས་དོ་དམ་རྫོང་དཔོན་གྱིས་ཙུའུ་ཀྲང་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཁོངས་གཏོགས་ལས་ཁུངས་བྱེད་པའི་དབུལ་ཕོངས་དབྱེ་འབྱེད་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ད་དུང་བདེ་ཆེན་རྫོང་གི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བྱ་ཐབས་གཏན་འབེབས་བྱས་པ། ཤང 6 དང་གྲོང་རྡལ 2 སུ་དབུལ་ཕོངས་དབྱེ་འབྱེད་ལས་ཀའི་སྐུལ་སློང་གསོ་སྦྱོང་གྲོས་ཚོགས་འཚོགས་པ། མིག་སྔའི་བར་དུ། བདེ་བླག་ངང་རྫོང་ཡོངས་ཤང་གྲོང་ཁག་གི་དབུལ་ཕོངས་དབྱེ་འབྱེད་དང་། བརྟག་དཔྱད། སྤྱི་བསྒྲགས་བཅས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ཡོད། 
        ཤེས་གསལ་བྱུང་དོན། ཐེངས་འདིར་བསྡོམས་ནས་དབུལ་ཕོངས་ཞིང་པ་དུད་ཚང་8651དབྱེ་འབྱེད་དེ། དབུལ་ཕོངས་ཀྱི་མི་གྲངས38612ཟིན་ཏེ། རྫོང་ཡོངས་མི་གྲངས་ཀྱི57.8%ཟིན་པ། དེའི་ནང་དུ་གཏིང་ཚད་ཀྱི་དབུལ་ཕོངས་མི་སྣ8563ཡོད་པས། རྫོང་ཡོངས་མི་གྲངས་ཀྱི22%ཟིན་པ། 
        དབུལ་ཕོངས་མི་གྲངས་དབྱེ་འབྱེད་དང་ཟུང་འབྲེལ་བྱས་ནས། བདེ་ཆེན་རྫོང་གིས་སྤྱི་ཚོགས་རོགས་སྐྱོར་ནུས་ཤུགས་ཇེ་ཆེར་བཏང་བ། སྔ་མའི་རྨང་གཞིའི་ཐོག 2012 ལོར་ཞིང་ཆེན་རིམ་པའི་སྡེ་ཁག 3 དང་ཁུལ་རིམ་པའི་སྡེ་ཁག 5 གསར་དུ་བསྣན་ཏེ་བདེ་ཆེན་རྫོང་དུ་རིགས་མཐུན་རོགས་སྐྱོར་བྱས། བསྡོམས་རྩིས་བྱས་པ་ལྟར། 2012 ལོར་རྫོང་ཡོངས་ཀྱིས་བསྡོམས་ནས་དབུལ་ཕོངས་ཤང་གྲོང 8 དང་དབུལ་ཕོངས་གྲོང་སྡེ 30 ལ་རོགས་སྐྱོར་བྱས། སྡེ་ཁག་སོ་སོས་ཐད་ཀར་རོགས་སྐྱོར་མ་དངུལ་སྒོར་ཁྲི 634.44 འཇོག་པ་དང་། མ་དངུལ་སྒོར་ཁྲི50ནང་དུ་འདྲེན་པ། ལས་གྲྭ15བརྩོན་ལེན་བྱས་པ། དབུལ་ཕོངས་སློབ་མ206ལ་རོགས་སྐྱོར་བྱས་པ་དང་གསོ་སྦྱོང་ཐེངས10སྤེལ་བ་རེད།