ཁུལ་ཡུལ་སྐོར་གོང་འཕེལ་ཚོགས་ཁག་གིས་ལྗོངས་ཁུལ་གྱི་སྤུས་ཀ་མཐོ་རུ་བཏང་ནས་གྲུབ་འབྲས་ཐོབ་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཁུལ་ཡུལ་སྐོར་གོང་འཕེལ་ཚོགས་ཁག་ཚད་ཡོད་ཀུང་སི་ཡིས་ཁུལ་ནང་གཙོ་ཆེ་བའི་ཡུལ་སྐོར་ལྗོངས་ཁུལ་དེ་ལྟེ་གནས་སུ་འཛིན་བ་དང་།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཁྲིད་སྟོན་དུ་འཛིན་ཏེ།རྨང་གཞི་བརྟན་པོ་འདིང་བ་དང་།གོ་སྐབས་དམ་འཛིན་བྱེད་པ།གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་།མཉེན་པའི་སྟོབས་ཤུགས་ལ་རྒྱུན་མཐུད་ངང་ཤུགས་རྒྱག་པ།ལྗོངས་ཁུལ་གྱི་སྤུས་ཀ་མཐོ་རུ་གཏོང་སྟེ།ཡུལ་སྐོར་གྱི་སྤུས་ཚད་ལ་ཁག་ཐེག་བྱས།
       ཀུང་སིའི་ཁོངས་གཏོགས་པོ་ཏ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལ་རྒྱལ་ཁབ་ཀྱི་རིམ་པ་ 5A ཞེས་པའི་ཡུལ་སྐོར་ལྗོངས་ཁུལ་ཐོབ་པ།ཁ་བ་དཀར་པོ་དང་།སྟག་མཆོང་གྲོག་རོང་།མཐའ་ཆུ་ཏན་སྤྲེའུ་སྤུ་སེར་བཅས་ལྗོངས་ཁུལ་གསུམ་ལ་རིམ་པ་ 4A ཞེས་པའི་ཡུལ་སྐོར་ལྗོངས་ཁུལ་ཐོབ་པ།པོ་ཏ་མཚོ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ལ་བདེ་ཆེན་ཁུལ་ 4 ཡི་ཡུལ་སྐོར་ལས་དོན་ཁང་ཉག་ཅིག་ཡིན་པའི་དཔྱད་འདེམས་ཐོབ་པ།རིག་གནས་དངོས་མང ་བཤམས་སྟོན་ལྟེ་གནས་ལ་ཞིང་ཆེན་རིག་གནས་ཐིང་གིས “ཤམ་བྷ་ལ་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་” གི་མཚན་རྟགས་སྤྲོད་པ་རེད།མིག་སྔར།ཀུང་སིས་སྡེབ་རྩིས་བྱས་ན་ཐད་ཀའི་ལས་ཞུགས་ལས་གནས་ 4362 གསར་འཛུགས་བྱས་ནས།རང་ཁུལ་གྱི་ལས་ཞུགས་གནོན་ཤུགས་ཆུང་དུ་གཏོང་བར་ནུས་པ་འདོན་པ་རེད།ལོ་གསུམ་གྱི་རིང་ལ།ཀུང་སིའི་ཁོངས་གཏོགས་ལྗོངས་ཁུལ་ཆེན་པོ་ 4 ཡིས་སྡེབ་རྩིས་བྱས་པར་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ 494 སྣེ་ལེན་བྱས་ནས།སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་ 61412 དང་།མ་དངུལ་སྡུད་གྲངས་སྒོར་ཁྲི་   127525 ལེགས་འགྲུབ་བྱུང་ཞིང་།ཡོང་འབབ་བརྟན་བརླིང་ངང་མཐོ་རུ་འཕར་བ་རེད།  
       ལྟེ་གནས་ཀྱི་ཐོན་རྫས་རྒྱུན་མཐུད་ཀྱིས་འཐུས་ཚང་དུ་གཏོང་བ།ཀུང་སིས་པོ་ཏ་མཚོ་དང་།སྟག་མཆོང་གྲོག་རོང་།ཁ་བ་དཀར་པོ།མཐའ་ཆུའི་ཏན་སྤྲེའུ་སྤུ་སེར།ཤམ་བྷ་ལ་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་དང་།གངས་ཤུད་གློད་ཁང་བཅས་གཙོ་བོར་བཟུང་བའི་ལྟེ་གནས་ཐོན་རྫས་ལོ་གསུམ་རིང་ལ་སྡེབ་རྩིས་བྱས་པ་ལྟར་དངུལ་འཇོག་སྒོར་ཁྲི་57580ལེགས་འགྲུབ་བྱུང་བ།
        2012 ལོའི་ཟླ་ 12 པའི་ཚེས་ 31 ཉིན་གྱི་བར།ཀུང་སིའི་ཁོངས་གཏོགས་ལྗོངས་ཁུལ་བཞི་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བསྡོམས་པས་མི་ཐེངས་ཁྲི་ 227.95 སྣེ་ལེན་བྱས་པས།སྒོ་འཛིན་གྱི་ཡོང་འབབ་སྒོར་དུང་ཕྱུར་ 2.69 ཟིན་ཏེ།ཁུལ་སྲིད་གཞུང་གིས་སྤྲོད་པའི་ལོ་འཁོར་སྒོ་འཛིན་གྱི་ཡོང་འབབ་སྒོར་དུང་ཕྱུར་2.3གྱི་117%ལེགས་འགྲུབ་བྱུང་བ།ལས་གཉེར་ཡོང་འབབ་ཀྱི་བསྡོམས་གྲངས་སྒོར་ཁྲི་35925.39ཟིན་པས།སྔ་ལོའི་དུས་མཉམ་ལས་9.97%འཕར་བ་རེད།