བདེ་ཆེན་རྫོང་གི་ཞིང་ལས་ཐོན་ལས་ཅན་ལ་གྲུབ་འབྲས་བྱུང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ན་ནིང་།བདེ་ཆེན་རྫོང་ཡོངས་ཀྱི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་ 32358 ལ་ཟིན་པས། སྔ་ལོ་ལས་སྒོར་ཁྲི་ 6661 ཡོང་སྤར་བྱུང་ཞིང་ 26% འཕར་བ།ཞིང་པ་རེར་ཆ་སྙོམས་ཀྱི་དངོས་བྱུང་ཡོང་འབབ་སྒོར་5078ཟིན་པས། སྔ་ལོ་ལས་སྒོར་877ཡོང་སྤར་བྱུང་ཞིང་21%འཕར་བ། རྫོང་ཡོངས་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་སྔོན་རྩིས་བྱས་ན་ཏུན་27361ཡོད་པས། སྔ་ལོ་ལས་ཏུན་4372ཐོན་སྤེལ་བྱུང་ཞིང་འཕར་ཚད་19.1%ལ་ཟིན་པ།
      རྫོང་འདིས་རྒུན་འབྲུམ་དང་།ནས།ཀྲུང་དབྱིའི་སྨན་རྫས་སོགས་གནས་བབ་ཡག་པའི་ཐོན་ལས་ཀྱི་གོང་སྤེལ་མྱུར་པོར་བཏང་ཞིང་།འདེགས་འཛུགས་ཀྱི་སྒྲིག་གཞི་སྔར་ལས་ལུགས་དང་མཐུན་པ། རྫོང་ཡོངས་ཀྱི་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ 119017.86 ལ་ཟིན་ཞིང་།ཞིང་དུད་ཀྱི་ཡོང་སྤར་སྒོར་ཁྲི་1440ལ་དངོས་འགྱུར་བྱུང་བས།སྔ་ལོ་ལས་སྒོར་ཁྲི་464.5ཡོང་སྤར་བྱུང་ཞིང་འཕར་ཚད་47.61%ལ་ཟིན་པ།ཀྲུང་དབྱིའི་སྨན་རྫས་འདེབས་པའི་རྒྱ་ཁྱོན་མུའུ་13186.4ལ་ཟིན་པ་རེད།
      ཞིང་ལས་ཐོན་ལས་ཅན་ལ་རྒྱུན་མཐུད་ཀྱིས་གོང་སྤེལ་གཏོང་བས།བདེ་ཆེན་རྫོང་གི་གྲོང་གསེབ་དཔལ་འབྱོར་གྱི་ཡོང་སྤར་ལ་སྐུལ་འདེད་བཏང་བ་རེད།