འབའ་ལུང་རྫོང་གིས་དཔྱིད་འདེབས་གྲ་སྒྲིག་བྱེད་བཞིན་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སླར་ཡང་ལོ་གཅིག་གི་དཔྱིད་ཀ་སླེབས་བྱུང་། འབའ་ལུང་རྫོང་གི་ཡུལ་ཀུན་དུ་དཔྱིད་རླུང་གཡོ་ཞིང་ས་ཞིང་ལ་ལྗང་མདོག་གི་གོས་གྱོ ན་པ། ཡུང་ཁྲུན་ཆུ་བོ་ནས་རྫ་ཆུའི་འགྲམ་དུ། ག་ས་ག་ལ་ཞིང་ལས་དུས་ཚིགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་དཔྱིད་འདེབས་གྲ་སྒྲིག་བྱེད་བཞིན་པའི་ཞིང་པ་ཚོ་མཐོང་ཐུབ། 
        “ད་ལྟ་སྟབས་བདེ་པོ་འདུག  རང་ཁྱིམ་གྱི་སྒོ་ཁའི་ཞིང་དུད་ཚོང་ཁང་དུ་ཞིང་ལུད་དང་ཞིང་སྨན་ཉོ་ཐུབ་པ་རེད།” འབའ་ལུང་རྫོང་ཝའེ་ཏིང་ཤང་ཧྲང་ཅ་གྲོང་སྡེའི་ལི་སུའུ་རིགས་ཀྱི་ཞིང་པ་ཧྥེང་ཅན་ཞིང་གིས་དགའ་ཞིང་བཤད་པ། ཉེ་བའི་ལོ་འགའི་རིང་ལ། འབའ་ལུང་རྫོང་གིས་ཞིང་དུད་ཚོང་ཁང་གི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཁོ་འཚོང་མཉམ་ལས་ཁང་གིས་ཧུར་ཐག་ངང་མ་དངུལ་གྲབས་གཤོམ་བྱས་ཏེ། རྫས་ལུད་དང་བཅས་པའི་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆས་གཏོང་འདྲེན་བྱས་པ་དང་། ཞིང་དུད་ཚོང་ཁང་དུ་བགོས་སྤྲོད་བྱས་ནས། མང་ཚོགས་ཀྱིས་དཔྱིད་འདེབས་ཞིང་རྨོ་བའི་ལས་ཀ་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས། 
        “ད་ལྟ་ངས་ཞིང་ཐེངས་གཉིས་པ་རྨོ་བ་ཡིན།” ཞིང་རྨོ་འཕྲུལ་འཁོར་ཆུང་ངུ་གཏོང་ནས་ཞིང་རྨོ་བའི་ཡུང་ཁྲུན་ཤང་སི་པའོ་གྲོང་གི་ཞིང་པ་ཧྥེང་ཀྲི་ཞིང་གིས་དེ་ལྟར་བཤད་པ། དེང་རབས་ཅན་གྱི་ཞིང་སྤྱོད་འཕྲུལ་འཁོར་རྒྱ་ཆེར་བེད་སྤྱོད་བྱེད་པར་བསྟུན་ནས་འབའ་ལུང་རྫོང་གིས་རྒྱ་ཆེ་བའི་གྲོང་གསེབ་ཀྱིས་ཞིང་རྨོ་བ་ནི་སྡེབ་བཀྲམ་རྨོ་འདེབས་ནས་ལེགས་རྨོས་ཞིབ་ལས་སུ་གྱུར་ཡོད་པ་རེད། ཤེས་གསལ་བྱུང་དོན། ན་ནིང་གི་ལོ་མཇུག་བར། འབའ་ལུང་རྫོང་དུ་འཕྲུལ་འཁོར་གྱིས་ཞིང་རྨོ་བའི་རྒྱ་ཁྱོན་དེ་སྤྱིའི་རྒྱ་ཁྱོན་གྱི་40%ཟིན་པ།
        འབའ་ལུང་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་སྟར་ཀའི་གནས་གཞི་རྫོང་ཡིན་པས། སྟར་ཀ་ནི་མང་ཚོགས་ཀྱི་ཡོང་འབབ་སྤར་བའི་ནོར་བུར་གྱུར་ཡོད། འབའ་ལུང་རྫོང་ནགས་ལས་ཅུས་སོགས་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་པའི་འོག  ཤང་དང་གྲོང་རྡལ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་ངང་ཞིང་པ་མང་ཚོགས་སྒྲིག་འཛུགས་བྱས་ནས་སྟར་ཀར་ལུད་རྒྱག་པ་དང་ཐོན་དམའ་སྟར་ཀའི་འདེབས་ས་ལ་ལེགས་བཅོས་བྱས་པ། ད་དུང་སྟར་ཀའི་སྡོང་ཕྲུག་གསོ་སྐྱོང་བྱས་པ་དང་ལག་རྩལ་ནུས་ཤུགས་སྒྲིག་འཛུགས་བྱས་ནས་ཞིང་པར་སྟར་ཀ་འདེབས་པའི་ཁྲིད་སྟོན་བྱས།
        ཞིང་པས་བརྩོན་གཉེར་བྱས་ན་ས་ཞིང་སྐྱོ་པོ་ཆགས་དོན་མེད།དཔྱིད་ཀའི་ཞིང་ལས་དུས་ཚིགས་དམ་འཛིན་བྱས་ཏེ་ས་བོན་འདེབས་ན་གསེར་མདོག་གི་སྟོན་ཁ་སླེབས་པར་ང་ཚོར་གྲུབ་འབྲས་གཡུར་ཟ་ཐོབ་རྒྱུ་རེད། ལུག་མཉེ་འདེབས་བཞིན་པའི་པའོ་ཧོ་གྲོང་རྡལ་ལ་ཧོ་གྲོང་སྡེའི་ཡུལ་མི་ཡུས་ཁྲུན་ཀྲི་ཡིས་འདི་འདྲ་བཤད་པ་རེད།