འབའ་ལུང་རྫོང་གིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བདེ་ཐང་དུ་སྤེལ་བ།

རྩོམ་པ་པོ།   ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། མིག་སྔར། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ནི་འབའ་ལུང་རྫོང་གི་ས་ཁོངས་དཔལ་འབྱོར་གྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པས། འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་ལ་ཞབས་འདེགས་ཞུ་རྒྱུ་བྱ་ཐབས་གཙོ་བོ་རུ་འཛིན་ནས། ཧུར་ཐག་ངང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ།
        ཁེ་ལས་གཙོ་ཆེ་དང་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་དུས་བཀག་མཉམ་འབྲེལ་དང་ཁྲིད་སྟོན་ཡག་པོ་བྱས་པ། 2012 ལོར་འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་གཙོ་ཆེ་ཐེམ་དུད 17 དང་། དཀའ་ངལ་ཡོད་པའི་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ལས་རིགས་ཐེམ་དུད་ 23 ལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་བོའི་མཉམ་འབྲེལ་ལས་ཁུངས་སུ་ཚུད་རྒྱུའི་གཏན་འཁེལ་བྱས་ཏེ། ལས་ཀའི་མི་སྣ་འཐེན་ནས་དུས་བཀག་གིས་ཁེ་ལས་དེ་དག་ཏུ་བྱེད་སྒོ་ཁྲིད་སྟོན་བྱས་པ། ཁེ་ལས་ལ་མཁོ་སྤྱོད་བྱེད་པའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་བྱས་ནས། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བདེ་ཐང་ངང་གོང་དུ་འཕེལ་བར་སྐུལ་མ་བཏང་བ།
        ཡིག་སྐུར་ངོ་གཏུག་གི་ལས་ཀ་སྤེལ་བ། ཏན་ཏིག་ངང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་པ། 2012 ལོར་འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡོམས་ནས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཡིག་སྐུར་ངོ་བཅར་ཐེངས7དང་ལེན་བྱས་པ། 

        ཧུར་ཐག་གིས་ཁེ་ལས་ལ་རོགས་སྐྱོར་བྱས་ནས་ལས་བཟོའི་བྱེད་སྒོའི་ལག་རྩལ་གསོ་སྦྱོང་སྤེལ་བ། 2012 ལོར་འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་དང་མཉམ་འབྲེལ་བྱས་ཏེ། ཁེ་ལས་ལས་བཟོའི་བྱེད་སྒོ་དང་ལག་རྩལ་གསོ་སྦྱོང་སྐབས2སྤེལ་བ། བསྡོམས་ནས་ཁེར་གཉེར་བཟོ་ཚོང་ལས་རིགས་དང་དམངས་གཉེར་ཁེ་ལས་ཀྱི་ལས་བཟོ180གསོ་སྦྱོང་དུ་ཞུགས་པས། ཁེ་ལས་ཀྱི་གོང་འཕེལ་ལ་མི་ཤུགས་རྒྱབ་སྐྱོར་འདོན་པ།
        ཏན་ཏིག་ངང་བརྟག་དཔྱད་ཞིབ་འཇུག་བྱས་ནས། གཏིང་ཟབ་ཀྱིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་གོང་འཕེལ་ཁྲོད་དུ་བྱུང་བའི་དཀའ་ངལ་ལ་དབྱེ་ཞིབ་བྱས་པ། ཧུར་ཐག་གིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་བསྡུ་བའི་ལས་ཀ་ཡག་པོ་སྒྲུབ་པ། 2012ལོར་ཁེ་ལས་ཀྱི་ལས་ཆོད་ཡག་པ་དང་། སྤྱི་ཚོགས་ཐོག་གི་རྣམ་པ་ཡག་པ། སྤྱི་ཕན་ལས་དོན་ཡག་པའི་རྩ་དོན་ལ་གཞིགས་ནས་སྒེར་གཉེར་ཁེ་ལས་ཀྱི་བདག་པོ་དང་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་འགའ་མཉམ་འབྲེལ་ལྷན་ཚོགས་སུ་བསྡུ་བ་རེད།