སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོང་ཅུས་ཀྱིས་འཛད་སྤྱོད་པའི་ཁེ་དབང་ལ་འགན་སྲུང་བྱས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ན་ནིང་ལོར། སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོང་ཅུས་ཀྱིས་ཏན་ཏིག་གིས “སེམས་ཀྱི་ཉི་ཟླའི་འཛད་སྤྱོད་པ་ལ་ཡིད་ཚིམ་དུ་འཇུག་པའི” བྱེད་སྒོ་སྤེལ་ཏེ། ཏན་ཏིག་ངང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས།
        “གསུམ་གཅིག་ལྔ་རྒྱལ་སྤྱིའི་་འཛད་སྤྱོད་པའི་ཁེ་དབང་ཉིན” ལ་ཟུང་འབྲེལ་བྱས་པ་དང་། འཛད་སྤྱོད་པའི་ལོའི་བརྗོད་བྱ་གཙོ་བོར་དམིགས་ནས་རྒྱ་ཆེ་བའི་ངང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་བའི་ཁྲིམས་ལུགས་སོགས་དྲིལ་བསྒྲགས་བྱས་པ་དང་དྲིལ་བསྒྲགས་ཀྱི་དཔྱད་ཞིབ་ཡིག་རིགས་ཁྲི 2 ལྷག་འགྲེམ་གཏོང་བྱས་ཤིང་།གྲོང་གསེབ་ཀྱི་བཟའ་ཆས་བདེ་འཇགས་དཔེ་སྟོན་ཚོང་ཁང་འཛུགས་པའི་བྱེད་སྒོ་སྤེལ་བ། རྫོང་ཚུལ་ལ་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་བཟའ་ཆས་བདེ་འཇགས་དཔེ་སྟོན་ཚོང་ཁང་ 45 འཛུགས་པ་དང་། ཏན་ཏིག་གིས “གྲོས་ཚོགས་གཅིག་དང་ས་ཚིགས་གཉིས” ཀྱི་འཛུགས་སྐྲུན་ལག་བསྟར་བྱས་པ། 2009 ལོར་རྫོང་འདིས་རྫོང་ཡོངས་ཤང་གྲོང 11 ལ་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ཡན་ལག་མཐ ུན་ཚོགས་འཛུགས་པ་དང་། གྲོང་མི (སྡོད་མི)ཨུ་ཡོན་ལྷན་ཁང་61ལ་འཛད་སྤྱོད་པའི་སྙན་སེང་ཞུ་བའི་ས་ཚིགས་དང་12315ཡི་མཉམ་འབྲེལ་ས་ཚིགས་འཛུགས་པ་རེད། 
        ཅུས་འདིས 12315 བཟོ་ཚོང་སྡེ་ཁག་གིས་རྒྱ་ཆེ་བའི་འཛད་སྤྱོད་པ་དང་མི་དམངས་མང་ཚོགས་ལ་མཉམ་དུ་ཆ་འཕྲིན་བརྗེ་རེས་སྟེགས་བུ་སྤྱད་ནས། ཧུར་ཐག་གིས་འཛད་སྤྱོད་པའི་སྙན་སེང་སོགས་དང་ལེན་བྱས་ཤིང་ཐག་གཅོད་པ། 2012 ལོར་བསྡོམས་ནས་འཛད་སྤྱོད་པའི་གྱོ ད་དོན་སྙན་སེང་ཁག56དང་ལེན་བྱས་ཏེ། རྒྱལ་ཁའི་ངང་ཁག32ཐག་གཅོད་པ་དང་། འཛད་སྤྱོད་པས་དཔལ་འབྱོར་གྱི་གྱོ ང་གུན་སྒོར་ཁྲི9ལྷག་ཚུར་ལེན་པ་རེད།