སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ཉོ་ཚོང་ཀུང་སི་ལ་ལོ་འཁོར་གྱི་གྲུབ་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2012 ལོར།སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ཉོ་ཚོང་ཀུང་སི་ལ་ཚོང་རྫས་ཉོ་ཚོང་གཉིས་དར་མངོན་འགྱུར་བྱུང་བ།དཔལ་འབྱོར་གྱི་ཕན་འབྲས་བརྟན་པོའི་ངང་མཐོ་རུ་འཕར་བ་དང་།ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་གྱིས་མཐོ་རུ་འཕར་ནས།ཚད་བརྒལ་གྱིས་ལོ་འགོར་གཏན་འབེབས་བྱས་པའི་ལས་འགན་དམིགས་ཡུལ་སོ་སོ་ལེགས་འགྲུབ་བྱུང་བས།ལོ་འཁོར་གྱི་གྲུབ་འབྲས་ལ་ཚད་རྒལ་གསར་པ་བྱུང་བ།
        ཚོང་ཟོག་འཚོང་བར་རྒྱུན་མཐུད་དང་མྱུར་པོས་མཐོ་རུ་འཕར་ནས།ལས་བྱེད་མི་སྣའི་ཡོང་འབབ་བརྟན་བརླིང་ངང་མཐོ་རུ་གཏོང་བ།ཀུང་སིས་ལོ་འཁོར་ལ་ཚོང་ཟོག་འཚོང་བའི་ཡོང་འབབ་སྒོར་ཁྲི་7404.6དངོས་སུ་གྲུབ་ནས།སྔ་ལོ་ལས་སྒོར་ཁྲི་1078འཕར་ཞིང་17%མཐོ་རུ་འཕར་བས།ལོ་འཁོར་འཆར་འགོད་ཀྱི་128%ལེགས་འགྲུབ་བྱུང་བ།
       ཀུང་སིས་རྒྱུན་མཐུད་ཀྱིས་ “གྲོང་ཁྲི་ཤང་སྟོང་” ཚོང་ར་ལས་གྲྭའི་འཛུགས་སྐྲུན་དང་། “ཁྱིམ་གློག་གྲོང་སྐྱེལ” ལས་དོན་བསྒྲུབས་ནས།གྲོང་གསེབ་ཀྱི་འཛད་སྤྱོད་ཚོང་ར་རྒྱ་ཆེ་རུ་སྤེལ་བ།འཛད་སྤྱོད་ཀྱི་འཕར་གནས་གསར་པ་གསོ་སྐྱོང་བྱས་པ།ལོ་ཡོངས་ནས་སྣ་རིགས་སོ་སོའི་ཁྱིམ་གློག་1113གྲོང་གསེབ་ཏུ་སྐྱེལ་ཞིང་།ཁ་གསབ་རོགས་དངུལ་སྒོར་ཁྲི་28བཏང་བ།

       རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་བྲིན་སྐུལ་བྱེད་སྒོ་སྤེལ་ནས། ཚོང་ཟོག་འཚོང་བའི་དམིགས་འབེན་དངོས་སུ་གྲུབ་པར་ཁག་ཐེག་བྱས།དུས་མཚུངས་སུ།ཚོང་ར་བསྒྱུར་བཀོད་སྒྲིག་སྦྱོར་གྱི་དུས་སྐབས་སྔ་མའི་ལས་ཀ་སོ་སོ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཚོང་འགུགས་ལས་ཀར་ཐོག་མའི་གྲུབ་འབྲས་ཐོབ་པ།ཁེན་ཏེ་ཅི་སོགས་རྒྱལ་སྤྱི་ལ་སྐད་གྲགས་ཆེ་བའི་ཁེ་ལས་ཚོང་ར་རུ་ཞུགས་ཤིང་ལས་གཉེར་བྱེད་རྒྱུ།
       ཀུང་སིའི་རྣམ་གྲངས་སྙན་ཞུའི་ལས་ཀར་གྲུབ་འབྲས་འབུར་དུ་ཐོབ་པ། 2012 ལོར།ཀུང་སིས་སྡེ་ཁག་སོ་སོ་ཡིས་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་བསྡོམས་ནས་སྒོར་ཁྲི་ 708 བརྩོན་ལེན་བྱས་པ། དམིགས་འབེན་ལ་དམིགས་ཏེ། ཀུང་སི་ཡིས་ད་དུང་སྣ་རིགས་སོ་སོའི་རྩ་འཛུགས་ཀྱི་ཧུར་ཐག་ནུས་པ་བཏོན་ནས།སྤྱི་ཚོགས་ལ་ལྡོག་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་རེད།