ས་གནས་ཁག་གིས“སའི་གོ་ལའི་ཐོག་གློག་ཆུ་ཚོད་གཅིག་གྲོན་ཆུང་བྱེད”ཅེས་པའི་བྱེད་སྒོར་ཧུར་ཐག་ཞུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

  


        ཟླ་3ཚེས་23ཉིན་པེ་ཅིང་གི་མཚོན་རྟགས་རང་བཞིན་གྱི་བསྐྲུན་དངོས་ཁག་གཅིག་གིས་ཆུ་ཚོད་20དང་སྐར་མ་30ནས་ཆུ་ཚོད་21དང་སྐར་མ་30བར་དུ་གློག་སྒྲོན་བསད་དེ“སའི་གོ་ལའི་ཐོག་གློག་ཆུ་ཚོད་གཅིག་གྲོན་ཆུང་བྱེད”ཅེས་པའི་གློག་གསོད་བྱེད་སྒོར་ཞུགས་པ་རེད།
        “སའི་གོ་ལའི་ཐོག་གློག་ཆུ་ཚོད་གཅིག་གྲོན་ཆུང་བྱེད”ཅེས་པའི་བྱེད་སྒོ་དེ་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱིས་2007ལོར་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་སྤེལ་བའི་གོ་ལ་ཧྲིལ་པོའི་བྱེད་སྒོ་ཞིག་ཡིན་པ་དང་།དེས་མི་རྣམས་ལ་བྱེད་སྒོ་སྤེལ་ཉིན་གྱི་དགོང་མོ་དགོས་མཁོ་མེད་པའི་གློག་ཆུ་ཚོད་གཅིག་གསོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།འདི་ལོའི“སའི་གོ་ལའི་ཐོག་གློག་ཆུ་ཚོད་གཅིག་གྲོན་ཆུང་བྱེད”ཅེས་པའི་བྱེད་སྒོ་དེ་ཟླ་3ཚེས་23ཉིན་གྱི་རེས་གཟའ་སྤེན་པར་སྤེལ་ཞིང་།གོང་གསལ་གྱི་པར་དེ་གཉིས་ནི་དགོང་མོ་དེར་པེ་ཅིང་རྒྱལ་ཁབ་ལུས་རྩལ་ཐང་གི་གློག་མ་བསད་གོང་དང་གློག་བསད་རྗེས་ཀྱི་བསྡུར་བའི་པར་རིས་ཡིན་ཞིང་།དེ་ཡང་གཡོན་གྱི་པར་ནི་གློག་མ་བསད་གོང་དང་གཡས་ཀྱི་པར་ནི་གློག་བསད་རྗེས་ཡིན་པ།