རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་བདམས་ཐོན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

ཞིས་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ། ཀྲང་ཏེ་ཅང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ།
ལི་ཡོན་ཁྲའོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ།
ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི ཡན་ཅོན་ཆི། ཝང་ཁྲེན། ཧྲེང་གཡོད་གཡོད། ཅི་པིན་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེན·དབྱི་མིན་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེང་ཀྲུའུ་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ་མིང་མ་འཁོད་པའི་འདེམས་ཤོག་འཕེན་སྟངས་ཀྱི་ཐོག་ནས་ཞིས་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། ཀྲང་ཏེ་ཅང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ།ལི་ཡོན་ཁྲའོ་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད། ཚོགས་ཆེན་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་འགྱུར་ལྡོག་གི་ཇུས་གཞིར་ཆོག་མཆན་གནང་བ་རེད།
        ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིའུ་ཡུན་ཧྲན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        གོང་ཚེས་ཉིན་གྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2986ཡོད་པ་ནས་འཐུས་མི་2963ཕེབས་པ་དང་འཐུས་མི་23ཕེབས་ཐུབ་མེད། དངོས་སུ་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
        ཚོགས་འདུའི་ཐོག་ཐོག་མར་བརྡས་ཐག་བཅད་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་འགྱུར་ལྡོག་གི་ཇུས་གཞིའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་གནང་བ་དང་ཇུས་གཞི་དེར་ཆོག་མཆན་བཀོད་པ་རེད།ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཇུས་གཞི་བདེ་བླག་ངང་ལག་ལེན་བསྟར་རྒྱུའི་བླང་བྱ་བཏོན་གནང་བ་རེད། དེ་རྗེས་ཚོགས་འདུའི་ཐོག་འདེམས་བསྐོ་བྱེད་འགོ་ཚུགས་པ་དང་ཚོགས་ཞུགས་འཐུས་མི་བརྡས་ཐག་བཅད་པ་བརྒྱུད་འཐུས་མི་35ལས་གྲུབ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོར་གྲོས་འཆམ་གནང་བ་རེད། འདེམས་བསྐོ་དངོས་སུ་འགོ་ཚུགས་རྗེས་འདེམས་ཤོག་ལྟ་ཞིབ་པས་དང་ཐོག་ཚོགས་རར་བཙུགས་པའི་གློག་རྡུལ་འདེམས་ཤོག་བླུག་སྒམ་དང་གློག་རྡུལ་འདེམས་ཤོག་བསྡོམས་རྩིས་མ་ལག་ལ་ཞིབ་བཤེར་བྱས་པ་དང་དེ་རྗེས་ལས་དོན་མི་སྣས་འདེམས་ཤོག་འགྲེམས་འགོ་ཚུགས།
        ཚོས་གཞི་མི་འདྲ་བའི་འདེམས་ཤོག་རིགས་བཞི་འཐུས་མི་ཚང་མའི་ཕྱག་ཏུ་ཕུལ་བ་དང་། ཚོགས་རའི་རྒྱབ་གྲལ་དུ་གསང་བའི་འདེམས་ཤོག་འབྲི་ས་བཙུགས་ཡོད་པ་རེད།
        ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་བྱེད་ཐབས་ལྟར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་།ཨུ་ཡོན་ཀྲང་གཞོན་པ།དྲུང་ཆེ་བཅས་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་འཁྲོལ་མེད་འདེམས་བསྐོ་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཁྲོལ་ཡོད་འདེམས་བསྐོ་གནང་བ་དང་གདམ་བྱའི་འོས་མི་174མིང་འདོན་གནང་བ་དང་མི་གྲངས་161འདེམས་དགོས།མི་གྲངས་13འཁྲོལ་བ་དང་འཁྲོལ་གྲངས་བསྡུར་ཚད་ནི་8%རེད།
        ལིའུ་ཡུན་ཧྲན་གྱིས་ཀྲང་ཏེ་ཅང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་དང་། ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི ཡན་ཅོན་ཆི། ཝང་ཁྲེན། ཧྲེང་གཡོད་གཡོད། ཅི་པིན་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེན·དབྱི་མིན་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེང་ཀྲུའུ་བཅས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།ཝང་ཁྲེན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན།མི་གྲངས་161སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན། ཞིས་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ལི་ཡོན་ཁྲའོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན།ཞིས་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་བཅས་ཁྱབ་བསྒྲགས་གནང་བ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་པ་དང་ལས་འགན་འཁུར་ཡུན་ཐིམ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་མཛའ་བརྩེའི་ངང་ཕྱག་བཏང་ནས་ཕན་ཚུན་གུས་འདུད་ཞུས་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་བཞེངས་ཏེ་འཐུས་མི་ཚོར་གུས་འདུད་ཞུས་པ།ལས་འགན་འཁུར་ཡུན་ཐིམ་པའི་སྐབས་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་ཝུའུ་པང་གོ་དང་ཀྲང་ཏེ་ཅང་མཛའ་བརྩེའི་ངང་ཕྱག་བཏང་སྟེ་ཕན་ཚུན་གུས་འདུད་ཞུས་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་ཀྱང་འཐུས་མི་ཚོར་གུས་འདུད་ཞུས་པ་རེད།