ཉག་རོང་རྫོང་གིས་རྒྱ་ཙོང་འཛུགས་རྒྱུ་ཁྱབ་སྤེལ་བཏང་ནས་ཡོང་འབབ་འཕར་སྣོན་བཏང་བ།

རྩོམ་པ་པོ།   མ  ཡིག་བསྒྱུར།       དུས་ཚོད།   2013-03-25   རྩོམ་ཁུངས།    ཁམས་པའི་དྲ་བ།

        སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་གིས་རྒྱ་ཙོང་མུའུ50ལྡན་པའི་རྟེན་གཞིའི་ར་བ་བསྐྲུན་ཡོད། ན་ནིང་ལོར་ཉག་རོང་གི་རྒྱ་ཙོང་ཐོན་ཚད་ཧ་ཅང་མཐོ་ལ་སྤུས་ཀ་ཡང་ཡག་པོ་ཡིན།དེར་བརྟེན།ད་ལོར་རྫོང་ཡོངས་སུ་རྒྱ་ཙོང་འདེབས་འཛུགས་བྱ་རྒྱུ་རྒྱ་སྐྱེད་བཏང་ནས་ཞིང་པའི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བར་སྐྭལ་འདེད་གཏོང་བའི་བྱེད་སྟངས་གཙོ་ཆེན་ཞིག་ཏུ་བྱས་པ་རེད།
        རྫོང་དེའི་པང་སྨད་ཤང་གི་གཙོ་ཁྲིད་ཁེ་ལས་ཀྱིས་ཡུལ་དེའི་ཞིང་དུད་དང་རྒྱ་ཙོང་འདེབས་འཛུགས་བྱ་རྒྱུའི་གན་རྒྱ་བཞག་པ་དང་།ཀུང་ཟིས་ཞིང་དུད་ལ་རིན་པ་མི་དགོས་པར་ས་བོན་མཁོ་འདོན་དང་ལག་རྩལ་བསླབ་པ་རེད།མཐར་ཀུང་སིས་སྤུས་ལེགས་དང་གོང་ཚད་མཐོ་བའི་སྒོས་ཉོ་སྒྲུབ་བྱས་ནས་ཞིང་པར་ཁེ་བཟང་ཐོབ་རྒྱུར་ཁག་ཐེག་བྱས།