རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འགོ་ཚུགས་པ།

རྩོམ་པ་པོ།   དུས་ཚོད།   2013-03-25   རྩོམ་ཁུངས།   

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ།སེམས་ནུས་གཅིག་ཏུ་སྒྲིལ་བའི་བསམ་འདུན་གྲུབ།སྔ་འཛིན་ཕྱི་གཏོད་བྱེད་པའི་ལེའུ་གསར་རྩོམ།མི་དམངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་བརྗོད་བྱ་གཙོ་ཆེན་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་སླར་ཡང་བསུས་པ་སྟེ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཚེས་3ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།
       སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ཨུད་ཀྱིས་ཚོགས་ཆེན་ཐོག་གནང་བའི་ལས་དོན་སྙན་སྒྲོན་ནང་བསྟན་དོན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་དུས་མཚམས་ཀྱི་འབད་འཐབ་དམིགས་ཚད་བཏོན་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་བསམ་འདུན་སྒྲུབ་པའི་འོད་ཟེར་འཕྲོ་བའི་མདུན་ལམ་བཏོན་པ།མི་དམངས་སྲིད་གྲོས་ལ་འགན་འཁྲི་དང་ལས་འགན་དེ་བས་ཆེ་བ་བཏོན་པ་བཅས་རེད།མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་གཏོང་བ།རང་ངོས་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་དེ་བས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་འབུལ་དགོས།
       དཔྱིད་ཟླ་གསུམ་པའི་པེ་ཅིང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།མི་དམངས་ཚོགས་ཁང་ཆེ་མོའི་ནང་གློག་འོད་ཆེམ་ཆེམ་འཕྲོ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་དབུས་སུ་བཀལ་བ་དང་གཞོགས་གཉིས་སུ་ཡོད་པའི་དམར་མདངས་བཀྲ་བའི་དར་དམར་བཅུ་པོ་དེ་བས་མངོན་གསལ་དོད་པོ་ཡོད།
       རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་དགོས་པའི་ཨུ་ཡོན་2237དང་དངོས་སུ་2206ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
       རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་།ཏུའུ་ཆིང་ལིན།ལིང་ཅི་ཧྭ།ཧན་ཆི་ཏེ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཏུང་ཅན་ཧྭ།དབན་ཀང་།ལིན་ཝུན་དབྱི།ལུའོ་ཕུའུ་ཧོ།ཧོ་ཧོའུ་ཧྭ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཧུའུ་ཅིན་ཐའོ་དང་།ཞིས་ཅིན་ཕིང་།ཝུའུ་པང་གོ།དབུན་ཅ་པའོ།ཅ་ཆིང་ལིན།ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་དང་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད།
       ཕྱི་དྲོའི་ཆུ་ཚོད་གསུམ་པར་ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་ཚང་མ་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད།
       སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ཨུད་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་ལྔའི་ལས་དོན་སྙན་སྒྲོན་གནང་ཞིང་།ཁོང་གིས་འདས་ཟིན་པའི་ལོ་ལྔ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་འཕྲད་པའི་འགྲན་སློང་ནན་པོ་ལས་རྣམ་པར་རྒྱལ་བ་དང་གྲུབ་འབྲས་ཐུན་མོང་མ་ཡིན་པ་ཐོབ་པའི་ལོ་ལྔ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་འཛིན་ཁྲོད་གསར་གཏོད་དང་སྲ་བརྟན་ཁྲོད་འཕེལ་རྒྱས་གཏོང་བའི་ལོ་ལྔའང་རེད།ལོ་ལྔའི་རིང་ཀྲུང་གུང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་གཞིགས་ཏེ་ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ནས་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་།སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།ཐབས་དང་ཇུས་འདོན་པ།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་།ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ།མེས་རྒྱལ་གཅིག་གྱུར་ལ་སྐུལ་མ་གཏོང་བ།ཕྱི་ཕྱོགས་ལ་སྤེལ་རེས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཐོག་ལེའུ་གསར་པ་མུ་མཐུད་བརྩམས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
       ཅ་ཆིང་ལིང་གིས་སྙན་སྒྲོན་ནང་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ་སོགས་ཕྱོགས་དྲུག་གི་ཐད་ནས་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་ལས་དོན་ལ་ཕྱིར་མིག་དང་འབྲེལ་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་དུ་འཕེལ་བའི་ཁ་ཕྱོགས་ཡང་དག་འགན་སྲུང་སོགས་ཉམས་མྱོང་གཙོ་བོ་དྲུག་ཕྱོགས་སྡོམ་གནང་བ་དང་།ད་དུང་ཕྱིན་ཆད་ལོ་ལྔའི་ལས་དོན་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་སོགས་ཀྱི་གྲོས་འགོ་དྲུག་བཏོན་གནང་བ་རེད།
       སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ཨུད་ཀྱི་བཀའ་མངགས་ལྟར་དབན་ཀང་གིས་ཚོགས་ཆེན་ཐོག་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྙན་སྒྲོན་གནང་ཞིང་།ཁོང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རིང་གི་སྲིད་གྲོས་ཨུ་ཡོན་རྣམས་དང་།སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁགསྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དངོས་ལ་དམིགས་ཏེ་གྲོས་གཞི་28930བཏོན་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་26699བདག་སྤྲོད་བྱེད་ཁོངས་སུ་བཅུག་ཅིང་།2013ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་26583བདག་སྤྲོད་བྱས་ཟིན་པ་དང་།གྲོས་གཞིའི་ནང་གི་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐབས་ཇུས་དང་འཕེལ་རྒྱས་འཆར་འགོད་དམ་ཡང་ན་སྡེ་ཚན་གྱི་ལས་དོན་ནང་བསྡུ་ལེན་དང་འབྲེལ་དོན་འཁྱོལ་ཡང་བྱས་ནས་དཔལ་འབྱོར་བརྟན་པོ་དང་མགྱོ གས་ཙམ་ངང་འཕེལ་རྒྱས་འགྲོ་བ་དང་།དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
       ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་འགོ་ཁྲིད་བློ་མཐུན་གྲས་སུ་ད་དུང་མ་ཁའེ་དང་།ཝང་ཀང་།ཝང་ཀྲའོ་གོཝང་ཧུའུ་ཉིང་།ཧུའེ་ལེའང་ཡུས།ལིའུ་ཡན་ཏུང་།ལིའུ་ཆི་པའོ།ཞུས་ཆི་ལེའང་།སུན་ཁྲུན་ལན།སུན་ཀྲེང་ཚའེ།ལི་ཅན་གོལི་ཡོན་ཁྲའོ།དབང་དབྱང་།ཀྲང་ཁྲུན་ཞན།ཧྥན་ཁྲང་ལུང་།མོང་ཅན་ཀྲུའུ།ཀྲའོ་ལེ་ཅི།ཧུའུ་ཁྲུན་ཧྭ།ལི་ཀྲན་ཧྲུའུ།ཀུའོ་ཅིན་ལུང་།ཧན་ཀྲེང་།ཀྲའོ་ཧུང་ཀྲུའུ།དབྱང་ཅིན།ལུའུ་ཡུང་ཞང་།ཝུའུ་ཡུན་ཆི་མུའུ་ཀེཧྭ་ཅན་མིན།ཁྲེན་ཀྲི་ལི།ཀྲོའུ་ཐེ་ནུང་།སི་མ་དབྱི·ཐེ་ལི་ཝར་ཏི།ཅང་ཧྲུའུ་ཧྲེང་།ཁྲེན་ཁྲང་ཀྲི།ཡན་ཅུན་ཆི།སང་གོ་ཝུའེ།ལེའང་ཀོང་ལེ།ཝང་ཧྲེང་ཅུན།ཚའོ་ཅན་མིང་།ལེའོ་ཧུའེ།པའེ་ལི་ཁྲེན།ཁྲེན་ཁུའེ་ཡོན།ཨ་པུའུ་ལའེ་ཐི·ཨ་པུའུ་ཏུའུ་རེ་ཤིས་ཐི།ལི་ཀྲའོ་ཀྲོ།ཧོང་མོང་ཧྥུའུ།ཀྲང་མེ་ཡིང་།ཀྲང་རུང་མིང་།ཆན་ཡུན་ལུའུ།སུན་ཅ་ཀྲེང་།ལི་ཅིན་ཧྭ།ཀྲེང་དབན་ཐུང་།ལི་ཝུའུ་ཝུའེ།ཁྲེན་ཙུང་ཤིང་།ཝང་ཀྲི་ཀྲེན་སོགས་ཡོད་པ་རེད།
       ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུ་ཟུར་ཉན་གནང་བ་རེད།

       འདི་ནི་ཅ་ཆིང་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།

       འདི་ནི་ཡུས་ཀྲེང་ཧྲེང་གིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་གནང་བའི་གནས་ཚུལ་ཡིན་པ།